རྔ་བ་ཁུལ་གྱི་ནད་པའི་ནད་གཞི་ཇེ་དགར་སོང་།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།རྔ་བ་ཉིན་རེའི་ཚགས་པར་ཁང་། སྤེལ་དུས། 02-10


    ཟླ་2ཚེས་9ཉིན་གྱི་ཕྱི་དྲོའི་དུས་ཚོད་དང་པོའི་བར་དུ། རྔ་བ་ཁུལ་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་སྒྲུབ་པ་གཤམ་གསལ།   

གཅིག རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་སྒོ་སྤེལ་བའི་གནས་ཚུལ།     
 
    ཟླ་2ཚེས་9ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོའི་བར་དུ། རྔ་བ་ཁུལ་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཅན་གྱི་ནད་པ་གསར་དུ་བྱུང་མེད། སྔ་རྗེས་སུ་ཁུལ་ཡོངས་སུ་ཁྱོན་དོགས་ཡོད་ནད་པ་8(དོགས་ཡོད་ནད་པ་5ལ་ནད་མེད་གཏན་འཁེལ་བྱས་པ་དང་། དོགས་ཡོད་ནད་པ་3གྱི་ཐོག་མའི་བརྟག་དཔྱད་འབྲས་བུ་ཚང་མ་སྲིབས་གཤིས་ཡིན་འདུག)བྱུང་ཡོད། མིག་སྔར། ཁུལ་མི་དམངས་སྨན་ཁང་གིས་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་པའི་ནད་པའི་(ཀུའོ་ཆེ་གེ་མོ)ནད་ཇེ་ཡང་དུ་འགྲོ་བཞིན་ཡོད་དེ། སྨན་ཁང་གིས་བྲང་གཞུང་CTབྱས་པར་ནད་དུག་མངོན་གསལ་གྱིས་ཉུང་དུ་སོང་ཡོད་ལ་སྨན་ནུས་ཀྱང་ཆེན་པོ་ཐོན་ཡོད་པར་མ་ཟད། ཟླ་2ཚེས་8ཉིན་གྱི་བརྟག་དཔྱད་འབྲས་བུ་སྲིབས་གཤིས་ཡིན་འདུག 
ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་ཁྱོན་ཡོན་བརྟག་དཔྱད་ཚད་ལེན་གྱི་ནད་གཞི་142འབྱོར་ཡོད་པ་ལས། རིམས་ནད་འགོས་པ་གཏན་འཁེལ་བྱས་ཡོད་པའི་ནད་གཞི་གཅིག་པུའི་(ཀུའོ་ཆེ་གེ་མོ)ཞིབ་དཔྱད་ཚད་ལེན་གྱི་འབྲས་བུ་གདགས་གཤིས་ཡིན་པ་ཕུད། གཞན་པའི་ནད་གཞི་141ཚང་མའི་ཞིབ་དཔྱད་ཚད་ལེན་གྱི་འབྲས་སུ་སྲིབ་གཤིས་ཡིན་པ་རེད། 

གཉིས། རིམས་འགོག་གི་སྡིངས་ཆ་བཙུགས་པའི་གནས་ཚུལ།  

    རིམས་འགོག་གི་སྡིངས་ཆ་བཙུགས་པར་མ་ཟད་མུ་མཐུད་དུ་ཤུགས་བསྣན་ནས། རིམས་འགོག་གི་ལས་སྣེ་བ་1011དང་དམག་མི་543བཀོད་སྒྲིག་བྱས་ཏེ། བསྡོམས་པས་རིམས་འགོག་གི་ལས་སྣེ་བ་7592དང་དམག་མི་6721བཀོད་སྒྲིག་བྱས། རྫོང་(གྲོང་ཁྱེར)སོ་སོའི་འགྲིམ་འགྲུལ་གྱི་འགག་མདོ་རུ་རིམས་འགོག་གི་སྡིངས་ཆ་57གསར་དུ་བཙུགས་ཏེ། མི་དང་རླངས་འཁོར་འགྲོ་འོང་ལ་དུས་ཚོད་ཉེར་བཞིའི་རིང་བརྟག་དཔྱད་གནད་དུ་འཐིང་བར་བྱས། སྔ་ཕྱིར་རླངས་འཁོར་176714ལ་བརྟག་དཔྱད་བྱས་པར་མ་ཟད། མི་463646ལ་བརྟག་དཔྱད་བྱས་པས་དོགས་ཡོད་ནད་པ་གཅིག་ཀྱང་རྙེད་མེད། སྨན་བཅོས་ལས་ཁུངས་དང་རིམས་འགོག་གི་སྡིངས་ཆ་གཙོ་བོ་ཡོད་སའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་1156.2རུ་དུག་སེལ་གྱི་ལས་ཀ་ནན་གྱིས་བསྒྲུབས།   
 
གསུམ། ཕྱིར་ལོག་པའི་མི་གྲངས་ཀྱི་གནས་ཚུལ།    

     ཟླ་2ཚེས་8ཉིན་གྱི་ཕྱི་དྲོའི་དུས་ཚོད་དང་པོའི་བར་དུ། རྔ་བ་ཁུལ་དུ་ཧུའུ་པེ་ཞིང་ཆེན་ནས་ཕྱིར་ལོག་པའི་མི་1225ཡོད་ལ་དེ་དག་གཙོ་བོ་མའོ་རྫོང་དང་ཝུན་ཁྲོན་རྫོང་། ཆུ་ཆེན་རྫོང་། ཁྲོ་ཆུ་རྫོང་། གཟི་རྩ་སྡེ་དགུ་རྫོང་།  རྔ་བ་རྫོང་སོགས་ཀྱི་ས་ཁུལ་དུ་ཕྱིར་ལོག་པ་ཡིན་པས་ས་ཁུལ་དེ་དག་ཏུ་ལྟ་སྐུལ་དང་དོ་དམ་ལས་ཀར་ཤུགས་བསྣན། མིག་སྔའི་བར་དུ་དོགས་ཡོད་མི་སྣ་གཅིག་ཀྱང་མ་རྙེད། 

 བཞི། དམིགས་བཙུགས་སྨན་ཁང་གི་བྱ་བའི་གནས་ཚུལ།  

    ཁུལ་ཡོངས་སུ་ཚ་བ་རྒྱས་པའི་སྨན་བཅོས་ལས་ཁུངས་253ལྷག་བཀོད་སྒྲིག་བྱས། ཟླ་2ཚེས་8ཉིན་གྱི་དུས་ཚོད་0ནས་24བར་དུ། ཁུལ་ཡོངས་ཀྱི་ཚ་བ་རྒྱས་པའི་སྒོ་བསྟེན་ཁང་དུ་ནད་པ་55ལ་སྣེ་ལེན་སྨན་བཅོས་བྱས་པ་དང་། མི་20ཤུལ་དུ་བཞག་ནས་བརྟག་དཔྱད་བྱས། ཁུལ་ཡོངས་ཀྱི་ཚ་རྒྱས་སྒོ་བསྟེན་ཁང་དུ་མི་1362ལ་སྣེ་ལེན་སྨན་བཅོས་བྱས་པ་དང་། མི་156ཤུལ་དུ་བཞག་ནས་བརྟག་དཔྱད་བྱས། 

ལྔ། མི་སྣ་གཙོ་བོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ།   

    ཁུལ་ཡོངས་སུ་གཅིག་བསྡུས་ཀྱིས་བརྟག་དཔྱད་བྱེད་ས་64བཙུགས་པ་དང་། གཅིག་བསྡུས་ཀྱིས་ལོགས་སུ་བཀར་བའི་ཁང་མིག་964བཙུགས་ཏེ། གཅིག་བསྡུས་ཀྱིས་མི་143ཤུལ་དུ་བཞག་ནས་བརྟག་དཔྱད་བྱས། དེའི་ཁྲོད་ཀྱི་ཝུའུ་ཧན་གྱི་མི་སྣ་3ཡོད་པར་ནད་རྟགས་ཅི་ཡང་མེད། ཁྱིམ་དུ་ལོགས་སུ་བཀར་བའི་མི་5712ཡོད། མིག་སྔར། གཅིག་བསྡུས་ཀྱིས་ཤུལ་དུ་བཞག་ནས་བརྟག་དཔྱད་བྱེད་སའི་མི་233དང་ཁྱིམ་དུ་ལོགས་སུ་བཀར་བའི་མི་2092བཅས་གློད་པ་རེད།

དྲུག ཁོར་ཡུག་བཅོས་སྐྱོང་གི་བྱ་བའི་གནས་ཚུལ།   

    རྫོང་(གྲོང་ཁྱེར)བཅུ་གསུམ་དང་གྲོང་གསེབ་ཁ་ཤས་སུ་སྨན་ཆས་གད་སྙིགས་གཅིག་བསྡུས་ཀྱིས་བསྡུ་ས་བཙུགས་པ་དང་། ཁ་རས་དང་བདེ་ཐང་ལ་གནོད་པའི་གད་སྙིགས་ཟོ་བ་2382བསྡུས། རྫོང་(གྲོང་ཁྱེར)སོ་སོ་ཡི་སྤྱི་པའི་གཙང་སྤྱོད་ཁང་དང་སྙིགས་སྒམ། སྤྱི་གླིང་། སྲང་བར་ཆེ་མ་ཆུང་གསུམ་གྱི་ཁོར་སྲུང་བཅོས་སྐྱོང་སོགས་ལ་ཤུགས་བསྣན།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1