ཟླ་2ཚེས་6ཉིན་ཧུའུ་པེ་ཞིང་ཆེན་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སྨན་ཁང་གིས་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་བའི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཕོག་མཁན་སྨན་ཁང་ནས་མ་དོན་གོང་རང་ཉིད་ལ་ཤུགས་རྒྱོབ་ཞེས་བརྗོད་བཞིན་པ།
མི་དམངས་དྲ་བའི་འཕྲིན། ཉིན་དེར་ཧུའུ་པེ་ཞིང་ཆེན་གྱི་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སྨན་ཁང་དང་ཝུའུ་ཧན་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་ནས་ཡོང་བའི་ཏོག་དབྱིབས་ནད་དུག་གསར་པས་བསླངས་བའི་གློ་ཚད་ཕོག་མཁན་23དྲག་སྐྱེད་བྱུང་ནས་མཉམ་དུ་སྨན་ཁང་ནས་དོན་ཡོད། ནད་པ་དེ་དག་ཚང་མ་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་སྨན་བཅོས་བྱས་རྗེས་དྲག་སྐྱེད་བྱུང་བ་ཡིན་པ་རེད།