ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བར་མ་ཟད་དམག་དཔུང་ལ་གཟིགས་བཤེར་གནང་།
ལི་ཁེ་ཆང་གིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་། ལི་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་།
ཝང་ཆི་ཧྲན། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་ཚོགས་འདུར་ཞུགས།
སྤྱི་ཟླ་10པའི་ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
10月1日,庆祝中华人民共和国成立70周年大会在北京天安门广场隆重举行。中共中央总书记、国家主席、中央军委主席习近平发表重要讲话。 图 / 新华社
སྤྱི་ཟླ་10པའི་ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། དམག་གཟིགས་མཛད་སྒོ་ཆེན་པོ་དང་མང་ཚོགས་ཀྱི་ཁྲོམ་སྐོར་ཐོག་ནས་རླབས་ཆེན་མེས་རྒྱལ་གྱི་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བར་མ་ཟད་དམག་དཔུང་ལ་གཟིགས་བཤེར་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྟེན་འབྲེལ་ཚོགས་ཆེན་ལ་གཙོ་སྐྱོང་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲའོ་ལེ་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་སོགས་ཚོགས་ཆེན་ལ་ཕེབས།
རྒྱལ་སྟོན་ཉིན་མོར་མེས་རྒྱལ་ས་གཞི་ཆེན་མོར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་རྒྱལ་ས་པེ་ཅིན་མཛེས་སྡུག་རྣམ་པར་བཀྲ། གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་རྔམ་བརྗིད་ཆེ་བ་དང་། ཐོག་ཁང་གི་གྱང་ངོས་དམར་པོའི་དབུས་སུ་བློ་མཐུན་མའོ་ཙེ་ཏུང་གི་སྐུ་པར་བཀལ་ཡོད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཚོས་གཞི་དམར་པོ་གཙོ་བོ་བྱས་པའི་བརྗོད་དོན་གཙོ་བོའི་མཛེས་ལྗོངས་རྔམ་བརྗིད་ལྡན།
སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་གི་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས།
ཆུ་ཚོད་10པའི་སྟེང་། རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འགོ་བཙུགས་ཏེ། གུས་ལུགས་མེ་སྒྱོགས་བདུན་ཅུའི་སྒྲ་མཁའ་དབྱིངས་སུ་གྲགས་ཤིང་། རྒྱལ་དར་སྲུང་སྐྱེལ་རུ་ཁག་གི་དཔོན་དམག་གིས་སྐར་ལྔའི་དར་དམར་སྲུང་སྐྱེལ་ཞུས་ཤིང་། གོམ་སྟབས་བརྟན་པོའི་ངང་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ནས་ཐང་ཆེན་བྱང་ངོས་ཀྱི་རྒྱལ་དར་སྒྲེང་ས་རུ་བསྐྱོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་དམག་དཔུང་རོལ་ཚོགས་ཀྱིས་བློས་བླངས་དམག་གི་མདུན་སྐྱོད་རོལ་དབྱངས་མཉམ་དཀྲོལ་བྱས་པ་དང་། ཚོགས་ར་ཡོངས་ཀྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་། མཚར་སྡུག་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་དལ་མོའི་ངང་བསྒྲེངས་པས། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ།
སྤྱི་ཟླ་10པའི་ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ་གཟིགས་འབུལ་དཔུང་སྡེར་གཟིགས་བཤེར་གནང་། འདི་ནི་ཞི་ཅིན་ཕིང་གནམ་བདེ་སྒོ་མོ་ཆེའི་མཁར་ཐོག་ཏུ་ཕེབས་པའི་རྣམ་པ་རེད།
10月1日,庆祝中华人民共和国成立70周年大会在北京天安门广场隆重举行。中共中央总书记、国家主席、中央军委主席习近平发表重要讲话并检阅受阅部队。这是习近平在天安门城楼上。 图 / 新华社
དེ་ནས་ཞི་ཅིན་ཕིང་གོམ་སྟབས་བརྟན་པོའི་ངང་ཀྲུའུ་ཞི་སྟེགས་བུར་ཕེབས་ནས་གསུང་བཤད་གནང་། དེ་རིང་། ང་ཚོས་མཉམ་འཛོམས་གཟབ་རྒྱས་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བཞིན་ཡོད། ད་ལྟ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་ཧྭའི་བུ་ཕྲུག་ཚང་མས་དགའ་སྤྲོ་དཔག་མེད་ངང་རང་རེའི་རླབས་ཆེན་མེས་རྒྱལ་ཆེད་སྤོབས་སེམས་སྐྱེ་བ་དང་རང་རེའི་རླབས་ཆེན་མེས་རྒྱལ་ལ་སྙིང་དབུས་ནས་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུངས།
འདི་ནས་ང་རང་གིས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་ཞུས་ཏེ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་འབྱོར་ཕྱུག་དང་མི་དམངས་བདེ་སྐྱིད་ཡོང་བ་བཅས་ཀྱི་ཆེད་ནུབ་པ་མེད་པའི་བྱས་རྗེས་འཇོག་མཁན་གྱི་གསར་བརྗེ་པ་རྒན་རབས་དང་སྔོན་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་ཟབ་མོ་ཞུ་རྒྱུ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་སྤུན་ཟླར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ། ཀྲུང་གོའི་གོང་འཕེལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་གྲོགས་པོ་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།
སྤྱི་ཟླ་10པའི་ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས།
10月1日,庆祝中华人民共和国成立70周年大会在北京天安门广场隆重举行。 图 / 新华社
ཞི་ཅིན་ཕིང་གིས། ལོ་ངོ་བདུན་ཅུའི་གོང་གི་དེ་རིང་། བློ་མཐུན་མའོ་ཙེ་ཏུང་གིས་འདི་ནས་འཛམ་གླིང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཁྱབ་བསྒྲགས་གནང་།
དུས་དེ་ནས་བཟུང་ཀྲུང་གོ་མི་དམངས་ཡར་ལངས་ཐུབ་པ་བྱུང་བ་དང་། ཉེ་རབས་ཚུན་གྱི་ལོ་ངོ་བརྒྱ་ལྷག་རིང་ཀྲུང་གོ་བ་དབུལ་ཕོངས་སུ་གནས་ཤིང་། གཞན་གྱིས་བརྙས་བཅོས་བྱེད་པའི་ཡ་ང་བའི་ལོ་རྒྱུས་ཡོངས་སུ་མཇུག་སྒྲིལ་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བགྲོད་ལམ་ཡངས་པོའི་ཐོག་སྐྱོད་འགོ་ཚུགས་ཡོད་ཅེས་ནན་གྱིས་བསྟན།
ལོ་ངོ་བདུན་ཅུའི་རིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་གཅིག་སེམས་གཅིག་སྒྲིལ་དང་། དཀའ་སྤྱད་འབད་འཐབ་བྱས་པར་འཛམ་གླིང་ཡོངས་ཧང་སངས་དགོས་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཡོད། དེ་རིང་། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ཉིད་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་ཤིང་སྟོབས་ཤུགས་གང་ཞིག་གིས་ཀྱང་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་གནས་བབ་ལ་འགྱུར་བ་གཏོང་ཐབས་བྲལ་ལ། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་སྟོབས་ཤུགས་གང་ཞིག་གིས་ཀྱང་འགོག་ཐབས་གཏན་ནས་མེད།
ཞི་ཅིན་ཕིང་གིས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བཅས་བྱ་དགོས་པ་དང་། ཏང་གི་རྩ་བའི་རིགས་གཞུང་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་འཐབ་ཇུས་བཅས་སྒོ་ཀུན་ནས་ལག་ལེན་དུ་བསྟར་ཏེ་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་འདུན་པ་མངོན་འགྱུར་དང་རླབས་ཆེན་བྱ་བཞག་གསར་པ་མུ་མཐུད་དུ་གཏོད་དགོས།
མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཞི་བདེ་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་རྒྱུ་རྒྱུན་འཁྱོངས། མཚོ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་ཧྭའི་བུ་ཕྲུག་ཡོངས་མཐུན་སྒྲིལ་བྱས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་ཆེད་མུ་མཐུད་དུ་འབད་འཐབ་བྱ་དགོས།
མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཞི་བདེ་གོང་འཕེལ་གྱི་ལམ་བུ་རྒྱུན་འཁྱོངས་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་མུ་མཐུད་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་ལྷན་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་དགོས།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེས་མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་འབེན། རང་གཤིས་བཅས་བརྟན་སྲུང་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་དང་། འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་པ་བཅས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས། ཀྲུང་གོའི་འདས་དོན་མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་འཁོད་ཟིན་པ་དང་། ཀྲུང་གོའི་ད་ལྟ་མི་དམངས་ཁྲི་སྟོང་མང་པོས་གཏོད་བཞིན་ཡོད་པས། ཀྲུང་གོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པར་འགྱུར་ངེས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ནས་མཐུན་སྒྲིལ་དམ་ཟབ་བྱ་དགོས་པ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་མུ་མཐུད་དུ་ང་ཚོའི་མི་དམངས་ཀྱིས་སྤྱི་མཐུན་རྒྱལ་ཁབ་བརྟན་པོའི་ངང་གོང་འཕེལ་ཡག་པོ་ཡོང་བ་བྱ་དགོས་པ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མུ་མཐུད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་གསུངས།
དམག་གཟིགས་མཛད་སྒོ་འགོ་ཚུགས་པ་དང་།ཞི་ཅིན་ཕིང་དར་དམར་རྟགས་ཅན་གྱི་གཟིགས་བཤེར་རླངས་འཁོར་ལ་བཞུགས་ནས་ཅིན་ཧྲུའེ་ཆའོ་ཟམ་པ་བརྒྱུད་ཁྲང་ཨན་སྲང་ལམ་དུ་ཕེབས་ཏེ། རྐང་ཐང་རུ་སྟར་15དང་། སྒྲིག་ཆས་རུ་སྟར་32ལ་རེ་རེ་བཞིན་གཟིགས་བཤེར་གནང་། །