ཕྱི་ལུགས་འདུས་འདྲིལ་ཅན་གྱི་གློ་ནད་ལ་རགས་ཙམ་དཔྱད་པ།
བཤད་སྒྲུབ་རྒྱ་མཚོ། པེ་ཅིང་བོད་ལུགས་སྨན་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25
ནང་དོན་གནད་བཤུས། འདུས་འདྲིལ་དབྱུགས་ཅན་གྱི་ནད་འབུ་ཕྲ་རབ་(结核杆菌)ཅེས་པའི་ནད་འདིར་དེང་རབས་གསོ་རིག་དང་རང་ལུགས་བོད་ཀྱི་གསོ་རིག་གཉིས་ཀྱི་ནད་ཁམས་རིག་པ་དང་ནད་ཀྱི་རྒྱུ་རྐྱེན་དང་བརྟག་ཐབས་རིག་པའི་གཞུངས་རྩ་བ་ནས་རྩོད་སྒྲུབ་རྒྱུད་ཅིང་སྒྲུབ་བྱེད་རིགས་ལམ་གྱི་ཐོག་ནས་བློ་སྒོ་ཡངས་པར་ཕྱེ་ཏེ། སོ་སོའི་རྒྱུ་རྐྱེན། ངོས་འཛིན། གྱུར་ཚུལ། བཅོས་ཐབས་བཅས་ལ་རང་གི་འདོད་ཚུལ་དང་ནད་དེ་་་སྐོར་ལ་ཕྱི་ལུགས་ཀྱི་རྗེས་སུ་འབྲང་ནས་གཅིག་ཏུ་འཛིན་ཅིང་བཅོས་ན་་མཐུན་མིན་གྱི་ཁྱད་པར་བཅས་སུ་ལུང་དང་རིགས་པ་སྦྱར་ནས་མཐའ་དཔྱོད་ཀྱི་སྒོ་ནས་བསྟེན་པའོ། །
བརྡ་ཆད་གཙོ་བོ། གློ་ནད་འདུས་འདྲིལ་དབྱུགས་ཅན། ཕྱི་ལུགས་ནང་ལུགས་བལྟ་བ།
མཐའ་དཔྱོད། །
1.འདུས་འདྲིལ་དབྱུགས་ཅན་ནད་ཀྱི་རྒྱུ་དང་གོ་དོན། །
སྤྱིར་བཏང་འདུས་འདྲིལ་ནད་ཟེར་བ་འདི་ནི་འདུས་འདྲིལ་ནད་རིགས་འབྱུང་བའི་རྒྱུ་ནད་འབུ་ཕྲ་རབ་བམ་སྲིན་རིགས་ཕྲ་ཞིང་རིང་ལ་ཟུར་གཉིས་ཟླུམ་པོ་ཅན་ཏེ། དབྱུགས་པའི་དབྱིབས་དང་ཆ་འདྲ་བའི་རྣམ་པ་ལས་མིང་འདོགས་པ་སྟེ། དེ་དང་ལུས་གནས་ལྷན་སྐྱེས་ཀྱི་སྲིན་འབུ་གཉིས་དུས་གདོན་ཟས་སྤྱོད་རྐྱེན་གྱིས་སྐབས་འཕྲལ་་འཕྲདརྗེས། ལུས་ཀྱི་གནས་ངེས་མེད་ལ་ནད་འགྱུར་བྱུང་ནས་འདུས་འདྲིལ་པའི་གཟུགས་ཅན་ཏུ་ཆགས་སྟབས་འདུས་འདྲིལ་དབྱུགས་ཅན་གྱི་ནད་དུ་འཛིན་ནོ།
2.ནད་ཕོག་པའི་གནས།
སྤྱིར་བཏང་གནས་གློ་བ་དང་ཀླད་པ། རྨེན་བུ། རྒྱུ་མ། མཁལ་མ། རུས་པ་བཅས་ལ་ནད་འགྱུར་མཐོང་མང་བ་ཡིན་ཅིང། ནང་གསེས་སུ་གློ་བ་ལ་ཕོག་སླ་བ་སྟེ། རྒྱུན་མཐོང་གྱི་ནད་ཅིག་ཡིན་ལ་བཅོས་རྡུགས་པ་དང་འགོས་ཁྱབ་ཆེ་བའི་ནད་རིགས་ཞིག་ཀྱང་ཡིན་ནོ།
དེང་རབས་གསོ་རིག་ལས་ནད་འདི་ལ་གནས་དང་དབྱེ་བ་མི་འདྲ་བ་ཕྱེ་ ཡོད་ཀྱང་སྐབས་འདིར་གློ་བའི་འདུས་འདྲིལ་ནད་འཆད་པ་ལས་གཞན་ཞིབ་ཅིང་ཕྲ་བ་སྤྲོས་པར་མི་བྱ་སྟེ། རྒྱུས་མངའ་བའི་ཆེད་དུ་ཕྱི་ལུགས་པའི་ངོས་འཛིན་རིགས་ལྔ་ཇི་བཞིན་བསྒྱུར་ཅིང་སྟོན་པར་བྱ་སྟེ།
1.རང་རྒྱུད་ཅན་གྱི་འདུས་འདྲིལ་གློ་ནད། (原发性结核)
2.ཁྲག་གི་འཁོར་རྒྱུན་ལ་བརྟེན་ནས་འགོས་ཁྱབ་ཏུ་འགྲོ་བའི་འདུས་འདྲིལ་གློ་ནད།
(血性散播性结核)
3.གཞན་རྒྱུད་ཅན་གྱི་འདུས་འདྲིལ་གློ་ནད། (继发性肺结核)
4.དལ་བའི་རང་བཞིན་གློ་རྡོལ་འདུས་འདྲིལ་གློ་ནད།
(慢性纤维空洞性肺结核)
5.བྲང་སྐྱིའི་འདུས་འདྲིལ་གློ་ནད། (结核性胸膜炎)
3.རྒྱུ་བསྟན་པ།
རྒྱུའམ་ནད་བདག་ནི་དེང་རབས་ནད་འབུ་ཕྲ་རབ་རིག་པའི་འདོད་ཚིལ་ལྟར་་་་ནད་རྒྱུ་འདུས་འདྲིལ་འབྱུགས་ཅན་གྱི་སྲིན་འབུ་ལས་མ་འདས་སོ།
4.རྐྱེན་བསྟན་པ།
ནད་སྲིན་ཕྲ་རབ་འདི་བར་སྣང་ཁམས་སུ་ནད་སྲིན་ཕྲ་རབ་གཞན་དང་འགྲོགས་་་ཤིང་རྒྱུ་བ་ན། འབྱིན་རྔུབ་ཀྱིས་དབྱུགས་ལམ་བརྒྱུད་དེ་འགོས་ཁྱབ་ཡོང་བ་དང་། ལུས་ཟུངས་ཞན་པ་སྟེ་ཡུན་རིང་ནད་ཀྱིས་མནར་བས་ལུས་རིད་པ་ཉམས་ཆུང་བ། ཟུངས་སྟོབས་ཟད་པས་རང་ཆས་སུ་ཡོད་པའི་ནད་འགོག་ནུས་མཐུ་ཞན་པའི་སྟབས་དང་། མ་ཟད་ནད་ཅན་འདི་དང་འབྲེལ་བ་དམ་ཟབ་ཡོད་པ་སོགས་ཀྱིས་ན་བའི་རྐྱེན་གཙོ་བོར་ཡིན་ནོ།
5.རྟགས་བསྟན་པ།
ནད་འདིར་དེང་རབས་གསོ་རིག་གིས་མངོན་ཚུལ་དབྱེ་བ་མང་ཙམ་ཕྱེ་ཡོད་ཀྱང། སྐབས་འདི་ལ་སྤྱིའི་མི་འགྱུར་བའི་རྟགས་དོན་བསྡུས་ཏེ་བསྟན་རྒྱུ། དམའ་ཚད་ལྡང་བ་ནི་ནད་འདིའི་དམིགས་བསལ་གྱི་རྟགས་ཡིན་ཏེ། ཕལ་ཆེ་ཉིན་གུང་ནས་བཟུང་ཕྱི་ཉིན་གྱི་ཕྱི་དྲོའི་བར་ཚ་ཚད་དམའ་ལྡང་(低烧)ཡང་ཡང་བྱེད་པར་མངོན་ལ། རྔུལ་ཁ་སྙི་བ་དང་། ལུས་སྙོམ་ཞིང་སྒྱིད་ལུག་པ། སྣང་བ་མི་སྤྲོ་ཞིང་སེམས་ཚུབས་པ། མཚན་གཉིད་གཡེར་བ། གློ་ལུད་བྱེད་ཅིང་ལུད་པ་ནང་དུ་གཤེར་རུལ་དུད་ཁུ་དང་ཁྲག་རིལ་ཅན་གྱི་ལྗན་ལྗིན་འབྱུང་བ། བྲང་དང་རྩིབ་ལོགས་ཀྱི་གནས་ངེས་མེད་ལ་ གབ་ཟུག་སྤོ་ལེན་བྱེད་ནས་ན་བ། དབུགས་ཀྱི་འབྱིན་རྔུབ་ཁག་པོར་འགྱུར་བར་བཅས་སྤྱིར་བཏང་ཀྱི་ནད་རྟགས་ཀྱིས་གློ་ནད་ཀུན་ལ་ཁྱབ་ཅིང་། བྱེ་བྲག་འདུས་འདྲིལ་གློ་ ནད་ལ་ངེས་བར་གསལ་ལོ། འོན་ཀྱང་གློ་ནད་གཞན་དཔེར་ན་གློ་ཚད། གློ་འབྲས་ (肺癌) སོགས་ལ་ཡང་དེ་བཞིན་གོང་གསལ་གྱི་ནད་རྟགས་མངོན་པས་སྐབས་བསྟུན་རྣམ་ པར་ཕྱེས་ནས་གློ་ནད་རིགས་གང་ཡིན་རིག་པའི་མདར་གྱིས་དཔྱད་ཅིང་ནོར་འཛོལ་འཁྲུལ་བའི་མུན་རྒྱར་དུ་མ་ལྷུང་བ་གལ་འགངས་ཆེ་བ་སྟེ་གནད་ཀྱིས་དམ་པའོ།
6.བརྟག་དཔྱད།
སྤྱིར་བཏང་བརྟག་དཔྱད་ཀྱི་ཐབས་ཚུལ་ལ། རྫས་འགྱུར་དང་། xགློག་པར་བརྒྱབ་རྒྱུ་སོགས་མང་ཙམ་འཆིས་ཤིང་སྤྱོད་བཞིན་པ་ཡིན་ཡང་། མཐར་མདོར་བསྡུས་ན་བྲང་་་ངོས་གློག་པར་གྱིས་གཏན་འབེབས་རྗེས་འབྲས་ལ་གཞིར་འཛིན་ཏེ་ཡིད་འཇོག་གནང་བཞིན་ཡོད། བོད་ལུགས་གསོ་རིག་ལས་གློ་ནད་སྐོར་དང་། ཕྱི་ལུགས་པའི་འདུས་འདྲིལ་གློ་ནད་གཉིས་ཆ་འདྲ་ས་དང་དེ་དང་འབྲེལ་བ་ཡོད་མེད་དང་། མ་ཟད་རྒྱུད་གཞུང་ལས་གསལ་ནད་ཀྱི་རྒྱུ་རྐྱེན་དང་། གྱུར་ཚུལ། མངོན་རྟགས། བཅོས་ཐབས་བཅས་དེ་དང་མཚུངས་པའི་ནད་ཚུལ་མང་ཙམ་ཡོད་པ་ལ། ད་ལན་གུས་པས་ལོ་མང་མྱོང་བར་བརྒྱུད་ཅིང་གྲུབ་པའི་མྱུང་ཚོར་དང་། ཕྱི་ལུགས་པ་དང་རང་ལུགས་གསོ་རིག་སྨྲ་བའི་མཁས་དབང་དུ་མ་ལ་འདི་སྐོར་གྱི་ལྟ་བ་བཞེད་ཚུལ་བདུད་རྩིའི་གྲུ་ཆར་ཡང་ཡང་མྱོང་བའི་སྐལ་བ་བཟང་པོ་བྱུང་བ་ལ། དཔྱད་གཞིའི་ཚད་གཞིར་བཟུང་ནས། བློ་རྨོངས་རང་མཉམ་གསར་བུ་བ་རྣམས་ལ་ཕྱོགས་ཙམ་ཕན་པའི་རྣམ་དཀར་གྱིས་རང་བློ་ཕྲ་མོས་གང་ལྕོགས་ཀྱིས་རྙིགས་དོར་བཅུད་ལེན་གྱིས་ངང་ཚུལ་ལྟར་ཐོལ་བྱུང་དུ་རི་མོའི་གཟུགས་སུ་བཀོད་ཁུལ་བྱའོ།
7.རང་ལུགས་གསོ་རིག་རྒྱུད་གཞུང་ལས་གློ་ནད་ཀྱི་དབྱེ་བ།
རང་ལུགས་གསོ་རིག་རྒྱུད་གཞུང་ལས་གློ་ནད་ཀྱི་དབྱེ་བ་དང་། དེ་ལས་གློ་ནད་་་འདུས་འདྲིལ་གཉིས་ཆ་འདྲ་བ་གང་དང་གང་བསྟན་པར་བྱ་སྟེ། བཻ་སྔོན་ལས་དབྱེ་བ་་་ཐང་བོ་སྐྱ་རྦབ་གཉིས་རླུང་། ཚ་བ་མཁྲིས་ཆུ་ཤོར་དང་ཐེས་པོ་གཉིས་བད་ཀན། ཁྲག་གི་གློ་གཅོང་དང་གློ་རྒྱས་བུང་ཚང་ཅན་ཞེས་པ་སྟེ། རང་ལུགས་ཀྱི་གློ་ནད་དབྱེ་བ་རྣམ་པ་བརྒྱད་དུ་ཕྱེས་ཤིང་བསྟན་ཡོད་པ་ལས། ནང་གསེས་སུ་གྱུར་ཚུལ་དང་མངོན་རྟགས་ཕྱི་ལུགས་པའི་ཅེ་ཧེ(结核)དང་ཕྱོགས་མཐུན་ཆ་འདྲ་བ་གློ་གཅོང་ཤས་ཆེ་བ་ཡིན་ལ། གློ་གཅོང་ཆེན་མོ་ཟད་བྱེད་ཀྱང་དེ་བཞིན་རྟགས་མཐུན་པ་ཡོད་ཀྱང་། རྒྱུ་དང་གྱུར་ཚུལ་གཉིས་མཐུན་ཕྱོགས་རྩ་བ་ནས་མི་འདྲ་ལ་བཅོས་ཐབས་ཀྱང་དེ་བཞིན་སོ་སོར་སྣང་ངོ་། དེ་ལྟར་རང་ལུགས་རིག་གཞུང་ལས་ནད་ཀྱི་རྒྱུ་རྐྱེན་རྣམ་པ་མི་འདྲ་ཡང་། རྟགས་ཆ་འདྲ་བ་ནི་ཡོངས་སུ་ཁྱབ་ཁུང་ཆེ་ལ་མང་དག་མཐོང་རྒྱུ་ཡོད་པ་ནི་གནས་ལུས་ཟུངས་བདུན་དྲི་མ་གསུམ་སྟེ་གཞི་གཅིག་གམ་བརྟེན་འབྱུང་གི་འབྲེལ་བ་ལས་མ་འདས་པའི་ཕྱིར་རོ། དེ་བཞིན་དེང་རབས་གསོ་རིག་གི་ངེས་གཏན་(诊断结果)བྱས་པའི་གློ་ནད་དང་། བོད་ལུགས་གསོ་རིག་གིས་ངེས་གཏན་བྱས་པའི་གློ་ནད་གཉིས་ཀྱི་ཕྱི་རྟགས་མངོན་་ཚུལ་ལྟ་སྣང་སྒོ་ནས་རྩོད་མེད་དུ་གྱུར་ཀྱང་ནང་ལྐོག་འགྱུར་ནད་ཀྱི་རྒྱུ་ཕལ་ཆེར་སོ་་་སོར་སྣང་བ་ནི་ཀུན་གྱིས་ཤེས་གསལ་ལྟར་རོ། དེར་བརྟེན་དེང་རབས་དང་སྲོལ་རྒྱུན་་་གཉིས་ནས་ངེས་གཏན་(诊断结果)ཀྱི་ཐབས་ལམ་རྩོད་སྒྲུབ་རིག་པ་(辨证学)རྩ་བ་་་་ནས་ཐ་དད་དུ་ཡིན་གྱིས་ནད་ཀྱི་ངོ་བོ་དང་གྱུར་ཚུལ་ལ་ཡང་དེ་ལྟར་ཐ་དད་དུ་འཛིན་ཅིང་གྲུབ་ལ། ཕན་ཚུན་འདྲ་མཚུངས་ཀྱི་འདོད་ཚུལ་ཞིག་ཐབས་གཅིག་ཏུ་འབྱུང་སྲིད་ཀྱི་མ་རེད་སྙམ་ཏེ། སྔོན་ཐོན་ཚན་རིག་གི་རྟགས་དཔྱད་རྗེས་འབྲང་མིང་དོན་དང་གཅིག་ཏུ་འགྱུར་ན་བསམ་ཨུ་ཚུགས་ཀྱིས་སྦྱར་ནས་མིང་གཏགས་ན་ཀླད་མེད་རི་བོང་ཅལ་འདྲོགས་ཀྱི་ངང་ཚུལ་ལས་ཉིད་དོ།
8.ཕྱི་ལུགས་དང་རང་ལུགས་གཉིས་ཀྱི་རྒྱུའི་ཁྱད་པར་བསྟན་པ།
རྒྱུད་ནང་དུ། རྒྱུ་ནི་རླུང་མཁྲིས་བད་ཀན་ཁྲག་ཆུ་སེར། ཞེས་པ་སྟེ། བོད་ལུགས་ཀྱི་རྒྱུ་ནི་སྤྱི་བཏང་རྣམ་པ་མ་གྱུར་བའི་རླུང་སོགས་དང་ཁྲག་ཆུ་སེར་ལ་ངེས་པ་ལས། སྲིན་་་་ནད་རིགས་ཤིག་ཡིན་པ་དངོས་བསྟན་མེད་ཀྱང་། ཤུགས་བསྟན་དུ་རླུང་མཁྲིས་བད་་་་ཀན་ཁྲག་ཆུ་སེར་གྱི་མཚན་ཉིད་དང་སོ་སོར་མཐུན་ལ་ལུས་ཟུངས་བདུན་ལ་བརྟེན་་་་ཅིང་ཚོར་སྐྱེས་སུ་གནས་པའི་ལྷན་སྐྱེས་སོགས་ཀྱི་སྲིན་འབུ་ཕྲ་རབ་ལྟ་བ་རགས་པའི་་་གྲངས་ཀ་བརྒྱད་ཁྲི་བཞི་སྟོང་ཡོད་པ། དེར་རྒྱུར་འཛིན་པ་ནི་ཆེས་སྔ་རོལ་ནས་ལུགས་འདི་སྲོལ་འབྱེད་པ་རྣམས་ཀྱིས་རྣམ་དཔྱོད་འཕྲུལ་གྱིས་དཔྱད་པ་གསུམ་རྩལ་སྤྲུགས་ནས་ཞིབ་འཇུག་བྱས་ཏེ་ཡིག་ཐོག་འཁོད་ཡོད་ཅིང་། དེས་དེང་རབས་ཕྲ་ཕུང་རིག་པ་ནང་གི་ནད་གཞིའི་སྐྱེ་དངོས་ཕྲ་རབ་དང་ནད་སྲིན་ཕྲ་རབ་(病原微生物学病原学)ཏེ། རགས་པའི་རིགས་གཉིས་གནས་ཡོད་པར་ལུང་གིས་ཟིན་ཅིང་ར་སྤྲོད་ཐུབ་པ་ནི་ཆེས་ཚན་རིག་གི་དོན་སྨིན་པ་ནི་གོར་མ་ཆག་གོ། གཞན་ཡང་བཀྲ་འབུམ་པས་མཛད་པའི་རྒྱུད་འགྲེལ་ལས་ཇི་སྐད་དུ། སྲིན་ནད་ནི་སྤྱིར་ལུས་འདི་སྲིན་འབུ་ཕྲ་མོ་བརྒྱད་ཁྲི་བཞི་སྟོང་ཡོད་པར་བཤད་པས། དེ་དག་གིས་ཟས་འཇུ་བ་དང་། ལུས་ཀྱི་སྟོབས་མདངས་སྐྱེད་པའི་གྲོགས་བྱེད་པར་གྲགས་ཤིང་། དེ་རྣམས་ནད་དུ་གྱུར་ན་ལུས་ལ་མི་བཟོད་པའི་ཟུག་རྔུ་འབྱུང་བའི་ཕྱིར་སྲིན་ནད་ཅེས་ཟེར། ཞེས་པའི་སྡོམ་ཚིག་ལས་དོན་གྱི་ངོ་བོ་ཟབ་ཅིང་རྒྱ་ཆེར་བསྟན་ཡོད་པ་འདི་དང་དེང་རབས་ཕྲ་ཕུང་རིག་པའི་རིགས་ལམ་དང་ཆེས་མཐུན་པར་གྱུར་ལགས། མདོར་ན་བོད་གསོ་གཉན་སྲིན་རིག་པ་ནང་། དེང་རབ་གསོ་རིག་གི་འདུས་འདྲིལ་སྲིན་འབུ་དང་དེའི་རྒྱུ་ལས་བྱུང་པའི་ནད་འདི་ཉིད་དོ་ཞེས་རང་ལུགས་གཉན་སྲིན་་རིག་པ་ནང་ཚིག་ཟིན་དུ་དངོས་བསྟན་མེད་པ་དང་། ལྷག་དོན་དུ་ཟད་བྱེད་ཆེན་མོ་་་དང་དོན་གསོ་ལེའུ་གློ་གཅོང་གཉིས་ཀྱིས་མཚོན་པའི་ནད་གང་ཡང་ནད་རྒྱུ་དེ་ལྟར་་བརྗོད་མེད་ཀྱང་། ཤུགས་བསྟན་དུ་ལྐོག་གྱུར་ནད་རྒྱུ་འབྱུང་ལྔས་གྲུབ་པའི་ཕྲ་རབ་གཉན་སྲིན་ཡིན་པ་ནི་གསང་པའི་རྒྱུར་ངེས་པ་བདེན་དོན་གྱིས་གྲུབ་པར་སྙམ། ཡང་དཔལ་སྤུངས་དཔོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱི་བརྒྱུད་འགྲེལ་ལས། གཉན་ནད་ནི་ངོ་བོ་ལུས་ལ་གནས་པའི་ལྷན་སྐྱེས་ཀྱི་སྲིན་འབུ་དང་། ནད་བདག་གིས་བསྐྱེད་པའི་པར་པ་ཏ་ཞེས་པའི་དུག་ཅན་གྱི་སྲིན་འབུ་གཉིས་རྐྱེན་གྱིས་འཕྲད་་་ནས་ལུས་ཟུངས་དྲི་མ་བཅས་ལ་འབབ་པའི་དུག་རིམས་ལ་ཟེར། ཅེས་པའི་དོན་གྱིས་་་སྤྱིར་བཏང་ནད་རྒྱུ་གཉན་སྲིན་ཡིན་པ་ནི་ཕྱི་ལུགས་དང་རང་ལུགས་གཉིས་ཀྱི་འདོད་ཚུལ་མཐུན་པ་དང་། རྒྱུའི་ནང་ནས་ཤིན་ཏུ་ཉེར་ལེན་གྱི་རྒྱུ་སྲིན་འབུ་ཡིན་པ་ནི་རྩོད་་མེད་དུ་གྱུར་མོད། འོན་ཀྱང་གསོ་རིག་ལྟ་བ་མི་མཐུན་པ་དང་། རྩོད་སྒྲུབ་གཞིར་འཛིན་རིག་གཞུང་རྩ་བ་ནས་མི་གཅིག་པས། ནད་གཞིའི་རྒྱུ་རྐྱེན། གྱུར་ཚུལ། རྟགས། བཅོས་ཐབས་བཅས་ཀྱི་རྣམ་གཞག་དང་ལྟ་བ་རྣམ་པར་འཛིན་ཚུལ་ཁྱད་པར་བྱུང་བ་ནི། རྒྱུ་ལས་འབྲས་བུའི་ཚུལ་ནམ་གཏན་ཚིག་རིག་པས་ཡོངས་སུ་གྲུབ་ཅིང་ནད་རིགས་ཀུན་ཡང་དེ་བཞིན་རིགས་འགྲེལ་བར་བྱའོ། ཡིན་ན་ཡང་བོད་ཀྱིས་ངོས་འཛིན་སྲིན་བུ་བརྒྱད་ཁྲི་བཞི་སྟོང་ནང་འདུས་འདྲིལ་སྲིན་བུ(结核杆菌)འདི་རེད་ཅེས་ཁ་ཚོན་གཅད་དགོས་ན་ཤིན་ཏུ་ཁག་པོར་སྣང་ལ། བློ་རྨོངས་ང་འདྲས་རྟོགས་པའི་བློ་དང་བྲལ་ལ་ཤེས་བྱའི་གནས་ཀྱང་མ་ཡིན་ནོ།
ཡང་རྒྱུད་ནང་དུ་གློ་བའི་ནད་ཀྱི་རྒྱུ་དངོས་ནི་རོ་སྐྱུར་བ་དང་ཚ་རིགས་རུལ་སུངས་རྙིང་པ་སོགས། བཟའ་བཏུང་དྲག་ཅིང་ཡུན་དུ་བསྟེན་པ་དང་། ལྷག་པར་དུ་ཆམ་པ་ཚ་བ་ན་མུར་ཟས་དང་སྤྱོད་ལམ་ལོག་པས། ཚ་བ་གབ་རྙིང་རྙོགས་སུ་གྱུར་སྟབས་གློ་རྩར་ཞེན་ཅིང་བྱེར་བས་ནད་འགྱུར་བྱུང་བ། ཞེས་རྒྱུ་རྐྱེན་གཞི་མཐུན་ཆབས་གཅིག་དུ་གྲུབ་པ་བསྟན་པ་ཇི་བཞིན་དུ་ཕྱི་ལུགས་པའི་རིག་གཞུང་དང་ལག་ལེན་དངོས་སུ་ཡང་སློང་རྐྱེན་གྱི་རྒྱུའི་དོན་ཚན་དེ་ལས་མ་འདས་པ་སྟེ་དོན་དང་མཐུན་ནོ།
9.འདུས་འདྲིལ་གློ་ནད་འདི་རང་ལུགས་གསོ་རིག་རྒྱུད་གཞུང་ལས་གསལ་གཅོང་ ཆེན་ཟད་བྱེད་དང་འབྲེལ་བ་ཡོད་མེད་ཀྱི་སྐོར་རགས་ཙམ་དཔྱད་ཅིང་གླེང་བ་སྟེ། ཐོག་མར་ང་ཚོས་མན་རྒྱུད་གློ་གཅོང་ཆེན་མོ་ཟད་བྱེད་དང་། དོན་ལྔ་ནང་གསེས་གློ་བཅོས་ལེའུའི་ནང་གློ་གཅོང་གིས་སོ་སོར་བཀོད་པའི་རྒྱུ་མཚན་ལ་རགས་ཙམ་དཔྱད་ན། གློ་གཅོང་ཆེན་པོ་ཟད་བྱེད་ནི་སྤྱིར་བཏང་ཁོང་ནད་ཀྱི་རིགས་ནང་ཆེད་དམིགས་ཀྱིས་གཅོང་ནད་གཅིག་རྩིས་སྟེ་ནད་ཆེན་གྲས་སུ་ལེའུ་ལོགས་སུ་བཀོད་ཡོད། དེ་གང་ཞེ་ན། ནད་བདག་གམ་ནད་རྒྱུའི་སྟོབས་རབ་ཏུ་ཆེ་བས་ལུས་སྤྱིའི་འདུ་བ་དང་ཟུངས་་བཅས་ལ་ཆེས་ཆེར་གནོད་ཅིང་འཚེ་བས་འཇོམས་པར་བྱེད་ཅིང་། ནད་རྒྱུན་རིང་བས་བཅོས་རྡུགས་པ་ནད་ཀྱི་མངོན་ཚུལ་དང་སྟོབས་མཚན་ཉིད་བཅས་གཞན་ལས་ཁྱད་པར་ཏུ་གསར་བ་སྟེ་མཚན་པས་ན་དམིགས་བསལ་གྱིས་བཀོད་པའི་རྒྱུ་མཚན་རེད་སྙམ། ཡན་ལག་བརྒྱད་པའི་སྙིང་པོ་འདུས་པ་ལས། གསར་ཞིང་རགས་ལ་ནད་ཐམས་ཅད་སྐྱེད་པའི་བུ་ག་ཀུན་ཏུ་འཁྲུགས་པའི་ནད་ཆེན་པོ་རྒྱལ་བོ་ལྟ་བུའོ། ཞེས་པའི་དོན་གྱིས་གསལ་བར་བསྟན་ཡོད་པ་མ་ཟད་གཅོང་ཆེན་ནད་ཀྱི་བླ་གཉན་དྲུག་ནས་ཇི་སྐད་དུ། འཁྲུགས་དང་སྐྱུགས་པ་ཆམ་པས་འདེབས་པ་དང་། ལུད་པ་མང་ཞིང་སྐད་འགག་ཡིད་འཆུས་བཅས་ཀྱིས་མཚོན་བད་ཀན་གྱི་མཚན་ཉིད་དང་རྗེས་སུ་མཐུན་པ། དེར་བརྟེན་ཁོང་ནད་སྐབས་གཅོང་སྡེའི་རིགས་གཏོགས་ཏེ་རྩིས་ཡོད་པ་ལས། དོན་གློ་སྐབས་ཀྱི་གློ་གཅོང་གཉིས་མཉམ་དུ་མི་བསྟན་པ་ནི་རྒྱུ་མཚན་དེའི་ཕྱིར་དུ་ ཡིན་སྙམ་དཔྱད་པར་འཚལ།
10.དོན་ལྔའི་ཡ་གྱལ་གློ་གཅོང་ལ་དཔྱད་པ།
དེ་ཡང་དང་པོ་གཅོང་ཞེས་པའི་ངེས་ཚིག་ལ་དཔྱད་ན། གཡུ་ཐོག་དགོངས་རྒྱན་ལས།
རྒྱུན་རིང་ནད་ཀྱིས་གདུང་ཞིང་། སྲོག་གནས་པའི་རྟེན་ལུས་ཟུངས་རྣམས་ཟད་ཅིང་ སྐམ་པོར་གྱུར་པའི་དོན་ལ་བཞེད་ཞེས་པ་སྟེ། དེའི་དགོངས་དོན་ལ་གཞིགས་ན་མ་ཞུ་
བ་གཙོ་གྱུར་ཁོང་ནད་དང་། ནད་གཞན་གང་དང་གང་གིས་ཀྱང་ཡུན་གྱིས་རྙིངས་ ཤིང་ཞེན་པས་སྲོག་རྟེན་ལུས་ཟུངས་རྣམས་ཟད་ཅིང་རིད་ལ་ཉམས་པས་མི་སྡུག་པའི་གཟུགས་གཞི་ཐ་དག་ལ་ཐ་སྙད་དེས་མཚོན་པར་སྙམ་མོ། དེར་བརྟེན་གོང་གསལ་གཅོང་ཆེད་ཟད་བྱེད་དང་འཆད་འགྱུར་གྱི་གློ་གཅོང་གཉིས་ལ། གཅོང་སྒྲ་གཅིག་གིས་ཕྱིའི་མངོན་ཚུལ་ནད་ཀྱི་རྟགས་འདྲ་མཚུངས་སུ་མཚོན་མོད་ཀྱི། ནད་ཀྱི་བྱེད་ལས་དང་གྱུར་ཚུལ་སྟོབས་བཅས་ངོ་བོ་མི་མཐུན་པས། གཅོང་སྒྲས་ནད་་་རིགས་གཉིས་ཀྱི་འབྲས་བུར་གཙོ་བོར་མཚོན་པར་གདོན་མི་ཟའོ། གློ་ནད་ལེའུ་ལས། རྒྱུ་ནི་རླུང་མཁྲིས་བད་ཀན་ཁྲག་དང་ཆུ། རུལ་སྐྱུར་ཟོ་མར་ཚ་དང་དུ་བ་དང་། ཆམ་པ་འགྲམས་དང་དྲག་ཤུལ་རྣམས་ཀྱིས་བསྐྱེད། ཅེས་པ་སྟེ། སྤྱིའི་རྒྱུ་རྣམ་པར་མ་གྱུར་པའི་རླུང་མཁྲིས་བད་ཀན་ཁྲག་ཆུ་སེར་དང་། བྱེ་བྲག་གློ་གཅོང་ལ་ཡང་དེ་ལས་མ་འདས་ཏེ་རྒྱུ་རྐྱེན་གཞི་མཐུན་དུ་གྱུར་ཏེ། གློ་ནད་ཀུན་གྱི་རྒྱུ་སྤྱིའི་ཉེས་གསུམ་ཁྲག་ཆུ་་་སེར་བཅས་རགས་པའི་དབང་དུ་སྡུད་བ་སྟེ། རྣམ་པར་མ་འགྱུར་བའི་ནད་རྒྱུ་དང་གྱུར་བའི་ངོ་བོ་ཡང་དེ་ཉིད་དུ་འཛིན་པ་དང་། དཔེར་ན་ཉེས་གསུམ་ཁྲག་ཆུ་སེར་མེད་ན་་་ནད་ཀུན་གྱི་རྒྱུ་མེད་པའི་ཕྱིར། དེས་ན་ལུས་ཀྱི་ནད་མཐའ་དག་དེ་དང་དེ་འདྲ་བར་་་འགྱུར་བས། གློ་ནད་དང་ཉེ་འཚམ་སྒོས་ཀྱི་རྒྱུར་མི་འགྲུབ་བ་ལྟར་སྣང་ཡང་། དོན་དེ་དག་མེད་ན་གློ་ནད་མི་འབྱུང་ལ་གློ་བ་རང་ཡང་དེ་དག་གི་རང་བཞིན་ཡིན་་པས་རྒྱུར་གསུངས་པ་ཡིན་གྱིས། དོན་དུ་གློ་ནད་རྒྱུ་དངོས་ནད་སྐྱེད་བྱེད་ཀྱི་རྐྱེན་རྣམ་ལས་མ་འདས་སོ། དེ་བས་ན་དེང་རབ་གསོ་རིག་འདུས་འདྲིལ་གློ་ནད་དང་། རང་ལུགས་གློ་གཅོང་སློང་རྐྱེན་དང་མངོན་ཚུལ་ནད་ཀྱི་དཔྱད་འབྲས་སྒྲུབ་བྱེད་ཐོག་ནས་ལྟས་ན་དམིགས་བསལ་གྱི་ནད་རྟགས་ཕྱོགས་ཆ་ འདྲ་བ་མང་ཙམ་འཆིས་སོ། གློ་ནད་ལེའུ་ནང་དུ། ལ་སྐྱུར་ཟོ་མར་ཚ་དང་དུ་བ་དང་། ཆམ་པ་འགྲམས་དང་དྲག་ཤུལ་རྣམས་ཀྱིས་བསྐྱེད། ཅེས་པའི་དོན་དང་དེང་རབས་གསོ་རིག་གི་རྒྱུ་གཉིས་ཐོད་ཐུག་མིན་ཡང་ལྐོག་ཏུ་གསོག་པའི་རྒྱུ་མངོན་སུམ་དུ་སློང་པའི་རྐྱེན་དུ་གྱུར་བ་རྣམས་ནི་འདོད་ཚུལ་ཕལ་ཆར་མཐུན་ནོ། ཡང་དམིགས་བསལ་གྱི་མི་འདྲ་བ་ནི། དེང་རབས་གསོ་རིག་ལུས་ཟུངས་ཞན་པས་ནད་འགོག་ནུས་པ་ཉམས་སྟོབས་འགོས་་་ཁྱབ་བྱུང་བ་དང་། བོད་ལུགས་གསོ་རིག་གིས་ནད་ཡུན་རིང་ཞིང་རྙིངས་ལ་ལུས་ཟུངས་སུ་ཞེན་པས་བྱུང་བ་སྟེ། རིག་གཞུང་ནང་བལྟས་ན་གོ་རིམ་ཁྱད་པར་སྣང་ཡང་། ཟུངས་ཟད་པའི་རྒྱུ་མེད་ན་གང་གིས་ཟད། རྩ་བ་ལུས་ཟུངས་ལ་མནར་བའི་དུག་མེད་ན་ཕྱི་ལ་ཉམ་ང་བའི་མངོན་ཚུལ་འཆར་སྲིད་དམ། ཐོག་མར་ནད་ཞུགས་དེ་ནས་ཟུངས་་ཟད་ཀྱི་ཚུལ་དུ་གོ་རིམ་འཛིན་པ་ནི་རང་ལུགས་ནད་ཁམས་རིག་པ་དང་ཡོངས་སུ་འཐུན་པར་ སྙམ་མོ།
11.རྙིངས་ཚད་ཀྱི་གྱུར་ཚུལ་དང་མངོན་ཚུལ་རྟགས་ལས་འདུས་འདྲིལ་ལ་དཔྱད་པ། མན་རྒྱུན་རྙིངས་ཚད་ལེའུ་ལས། རྙིངས་ཚད་རྒྱུ་ནི་ལོ་ཟླ་ལོན་ལ་སྟེ། ཞེས་པས་རྙིངས་ཚད་ཀྱི་རྒྱུ་ནི་ཐོག་མར་ཚ་བ་བྱུང་ནས་བྱ་ར་མ་སྒྲིམ་སྟེ་ཕྲལ་དུའམ་དུས་ཐོག་ཏུ་མ་བཅོས་པའི་རྐྱེན་གྱིས་ཡུན་དུ་འགྱངས་བ། མིན་ན་དམན་ལྷག་ལོག་པའི་རྐྱེན་གྱིས་ལོ་ཟླ་ལུས་ནས་འགྱུར་བ་སྟེ། འདི་གའི་ལེའུ་ལས་ཇི་སྐད་དུ། རྐྱེན་གྱིས་རྙིངས་པས་ཚ་བ་ཕྲན་བུ་ལ། ཟས་སྤྱོད་མ་བསྡམས་ཕྱོགས་མེད་བཏང་བ་ཡིས། རྒྱུ་ཆུང་བ་ལས་རྒྱས་པར་མ་ནུས་ཀྱང་། ཟས་སྤྱོད་རྐྱེན་གྱིས་ཚ་བ་ཞིར་མ་སྟེར། མ་སྨིན་མཁྲིས་ཤས་ཆེ་ལ་བཅོས་སྔས་སམ། ཞེས་རྒྱུད་ཀྱི་དགོངས་བཞེད་ལྟར། ཆམ་རིམས་དང་འགྲམས་འཁྲུགས་མཁྲིས་པ་ཚ་བ་སོགས་ཚ་བ་དང་ལྡན་པའི་ནད་སྟོབས་ཆེ་ཆུང་མ་ངེས་པ། ནད་ལྡང་པའི་སྒོང་དུ་ཟས་སྤྱོད་མ་བསྡམས་པ་སྟེ་མ་མཚམས་པས། དཔེར་ན་སྤྱིར་རང་བཞིན་དུས་གདོན་གཉིས་དང་སྒོས་སུ་ཤིན་ཏུ་ཉེ་བའི་རྐྱེན་གྱིས་མིའི་ལུས་ཀྱིས་ཟས་སྤྱོད་གཉིས་དྲོད་བཅུད་རང་བཞིན་ཆེ་ལ་ཚ་སྐྱུར་ལན་ཚ་ཐར་དྲག་པ་དང་། དེ་ཡང་བམ་རྙིངས་རུལ་སུངས་སུ་གྱུར་པའི་ཟས་སྐོམ་གྱི་རིགས། སྤྱོད་ལམ་ཚན་གུང་གཉིད་ལོག་པ་དང་། ལུས་ལ་ཤུགས་རྐྱེན་ཐེབས་པའི་དྲག་ཤུལ་གྱི་ལས་དང་། ཚ་ཚད་ཆེའི་དུས་སུ་ཉི་མ་དང་མེ་ལ་སོགས་བསྟེན་དྲག་པ་བཅས་ཀྱིས་ཚ་བ་ཆེར་རྒྱས་པ་དང་། མིན་ན་མ་རྒྱས་་་ཀྱང་རྐྱེན་དེས་ཚ་བ་ལྷག་མ་ཞིར་མ་སྟེར་བས། བྱ་ཤོར་ཏེ་གཅིག་བཅོས་པས་གཅིག་ སྐྱེས་ནས་ཚ་བ་མ་སོད་པར་རླུང་ཚད་གཉིས་འཐབ་ཅིང་ཡུན་དུ་ལུས་པས་རྙིངས་ ཚད་དུ་གྱུར་བ་དང་། ལྷག་དོན་དུ་ཆམ་རིམས་དང་འགྲམས་འཁྲུགས་ཀྱི་ཚད་སྟོབས་ལ་གཉེན་པོ་ཆུང་བས་མ་ནོན་ཏེ་ཡུན་དུ་ལུས་པས། ཁྲག་ཆུ་སེར་གཡོས་ཏེ་ཟུངས་དང་་་འདྲེས་ཤིང་ཞེན་ནས་གནས་གློ་བ་གཙོར་བྱས་དོན་སྣོད་སོགས་ལ་ཁྱབ་ཅིང་ནད་ འགྱུར་བྱུང་སྟེ། བྱེ་བྲག་ཏུ་བཅོས་ཉེན་ནམ་བསྡུ་གསོད་སྨིན་བྱེད་ཀྱི་སྨན་གཏོང་བའི་་་དུས་སྔ་ཕྱི་མ་འཚམ་པས། ལུས་ལ་བྱེར་ཞིང་རྩ་རུ་རྒྱུ་ཞིང་ཞེན་པས། ཆུ་སེར་རྙོགས་ཤིང་འཁྲུགས་ནས་གྲུམ་བུ་སོགས་འགྱུར་བ། དེ་ཙམ་མ་ཟད་སྒོས་སུ་གློ་ནད་བརྒྱད་ཀྱང་ཕལ་ཆེར་ཆམ་ནད་ཀྱིས་ཁྲིད་པ་ལས་བྱུང་བ་མངོན། མན་རྒྱུད་ལེའུ་འདི་ཉིད་ལས་ཇི་སྐད་དུ། དེ་ལྟར་རྐྱེན་གྱིས་ལོ་དང་ཟླ་བ་རུ། ནད་དེ་ཟུངས་སུ་འདྲེས་ཤིང་ཞེན་པ་ཡིས། ལྕགས་ལ་བཙལ་མ་རས་ལ་སྣུམ་ཞེན་ནམ། ཤིང་ལ་སྲ་རྩི་བཏང་འདྲ་གཏེང་འདོན་དཀའ། ཞེས་པས་དོན་གྱིས་གསལ་བ་ཇི་བཞིན། གུས་པས་ལོའི་ཕྲེང་བ་དུ་མས་བརྒྱུད་ཅིང་ལག་ལེན་དངོས་སུ་བསྟར་ཞིང་བློས་དཔྱད་བྱུང་བས་ཉམས་ཚོར་ནི། དེང་རབས་གསོ་རིག་པས་ནད་གཞི་ངེས་གཏན་བྱས་པའི་ཅེ་ཧེའི་གསོ་བྱ་ཕལ་ཆེར་དང་ཐོག་ཆམ་པ་དང་གློ་་་་ཚད་མཁྲིས་ཚད་སོགས་ན་བའི་ལོ་རྒྱུས་གསལ་པོར་མངའ་བ་སྟེ། དེ་ལ་བཅོས་ཉེན་དང་ནད་འཇུག་མ་ཆོད་པས་རྙིངས་རྙོགས་སུ་འགྱུར་ཏེ་ན་ཚུལ་དང་འདུས་འདྲིལ་གློ་གཅོང་གི་ན་ཚུལ་གཉིས་རྗེས་མཐུན་ཅིང་། དེང་རབས་གསོ་རིག་གིས་གསོ་བྱ་འདི་རིགས་ལ་ཕལ་ཆེར་ཅེའི་ཧེའི་ནད་དུ་འཛིན་བཞིན་འཆིས། དེ་ཡང་བོད་ལུགས་གསོ་རིག་ནད་ཁམས་དང་བརྟག་དཔྱད་རིག་པས་རྩོད་སྒྲུབ་ཏུ་བརྒྱུད་ཅིང་དཔྱད་ན་རྙིངས་རྙོགས་སུ་གྲུབ་ཅིང་འཛིན་པ་ལ། བཅོས་ཐབས་ཀྱང་དེ་བཞིན་དུ་བསྟེན་ན་ཕན་སྐྱེད་མངོན་གསལ་དོད་པོར་བྱུང་བ་རང་གིས་མྱུང་བ་ཡིན། ཡང་ལེའུ་འདི་ཉིད་ལས། ཤ་གདོང་སྔོ་ལ་སྐམ་ཞིང་དྲེག་ཆུང་ཆགས། འགུལ་ན་གློ་སྙིང་འཕར་ལ་རོ་སྟོད་ཚ། ཡན་ལག་བཞི་དང་རོ་སྨད་ལྕི་ལ་སྦྲིད། སྙིང་ལ་གྲང་མོ་འདོད་ཅིང་བསིལ་གྲིབ་སྙེད། ཉིན་གུང་སྲོད་ལ་ན་ཞིང་རྔུལ་ཁ་སྙི། གཉེན་ཆེ་དྲོད་བག་རྗེས་ལ་ལྡང་ཞིང་ན། ཚ་བ་གཞན་པའི་དང་ག་བག་ཙམ་བདེ། ཞེས་པ་སྟེ། དེའི་རྟགས་དང་འདུས་འདྲིལ་གློ་ནད་གཉིས་ཀྱི་སློང་རྐྱེན་དང་གྱུར་ཚུལ་བཅས་ཕྱི་ནང་གི་མཚན་ཉིད་མཐུན་ལ་མཚོན་བྱ་ལྐོག་གྱུར་ནད་ཀྱི་ངོ་བོ་ཡང་དེ་དང་འཚམས་པར་སྙམ་ཏེ། དཔེར་ན་ཕྱི་ལུགས་གློ་ནད་ཅེ་ཧེའི་མི་འགྱུར་པའི་རྟགས་ནི་། ཚ་བ་དུས་ཀྱིས་མ་ངེས་ཚ་ཚད་ལྡང་། ཁྱད་པར་ཕྱི་དྲོ་ཕན་ཆད་མཚན་གུང་ལྡང་། དེ་ཡང་རྒྱས་ཚད་མིན་ལ་གབ་ཚད་འདྲ། ཉལ་རྗེས་རྔུལ་ཁ་སྙི་དང་ངོ་གདོང་ངན། ལུས་རིད་སྒྱིད་ལུག་སྙོམ་ཞིང་དུབ་ཅིང་ན། སྙིང་འཕར་མྱུར་ལ་འབྱིབས་་་་་རྔུབ་དཀའ་བར་སྣང་། སྐམ་ལུ་བྱེད་ལ་ལུད་པ་ཤེལ་རུལ་འབྱུང་། མཐུ་ཚབས་ཆེ་ན་ཁྲག་རིས་ཅན་ཡང་སྲིད། ཅེས་ནད་རྟགས་ཡིན་ཏེ། མཐར་Xགློག་ཆས་ཀྱིས་རྟགས་དཔྱད་བྱས་ནས་ནད་ཀྱིས་ཟིན་པའི་གནས་གློ་ངོས་གང་དང་གང་དུ་ནད་འགྱུར་ལ་གཞིགས་ནས་ རིགས་གང་གཏན་འབེབས་བྱེད་ཀྱིན་ཡོད་དོ།
12.རྙོགས་ཚད་ཀྱི་གྱུར་ཚུལ་དང་སློང་རྐྱེན་རྟགས་ལས་འདུས་འདྲིལ་གློ་ནད་ལ་ དཔྱད་པ། རྒྱུད་ལས། ཚ་བ་རྙོགས་པའི་རྒྱུ་ཆུ་སེར་ཡིན། ཞེས་པ་དང་། ཡང་གནས་ནི་ཤ་རུས་དོན་སྣོད་ཕྱི་ནང་ཁྱབ། ཁྱད་པར་ཤ་མདངས་བར་དང་ཚིགས་བར་གནས། ཞེས་པ་སྟེ། མཁྲིས་པའི་དྭངས་མ་ཆུ་སེར་ཡང་ལུས་ཟུངས་བདུན་གྱི་བྱེད་ལས་རང་བཞིན་དང་མཐུན་པ། གཞན་དབང་གིས་མ་གཡོས་སྟེ་རྣམ་པར་མ་གྱུར་པ་ལུས་ཀྱི་ཕྱི་ནང་བར་གསུམ་ཆ་ཕྲ་རགས་ཀུན་ཏུ་རྒྱུ་ཞིང་བྱེད་ལས་སུ་འཁོར་བ། བྱེ་དྲག་གླེང་བྱ་གློ་བའི་རྩ་བུག་ཕྲ་རགས་ཀུན་ཏུ་ཆུ་སེར་གྱི་གཤེར་བག་ཆ་ཤས་ཁྱབ་ཅིང་། ལས་ལུགས་འབྱུང་དུ་བྱུང་བ་ནི་གློ་་བའི་རྩ་བུག་གཙང་སེལ་བྱེད་ཅིང་བདེ་ཐང་དུ་སྲུང་བ་ནི་ཅི་སྨོས། དེ་ལྟར་མ་ཡིན་པ་ཚ་བས་ཁྲག་ཆུ་སེར་གཡོས་ནས་ལས་ལུགས་ལྡོག་ཏུ་འགྱུར་ན་གོང་གསལ་ཇི་སྐད་བསྟན་པའི་གནས་རྣམས་སྤྱིར་དང་སྒོས་སུ་གློ་བའི་གནས་སུ་ནད་འགྱུར་བྱུང་བ་སྟེ་འཕེལ་་་རིམ་ཕྱོགས་མཐའ་གཉིས་སུ་གང་རུང་ཕྱེན་པ་ནི་ནད་ཁམས་འཕེལ་རིམ་རང་བཞིན་ཆོས་ཉིད་ཀྱིས་གྲུབ། རྙོགས་ཚད་ལེའུ་ལས། སྤྱི་རྟགས་ཚ་རྙོགས་ཆུ་དམར་རྒྱལ་བཤལ་འདྲ། རྩ་རྒྱུ་ཕྲ་ལ་མགྱོགས་ཤིང་གཏིང་ལ་རྒྱུ། གདོང་བ་སེར་སྦོས་ལྕེ་སྙིལ་སེན་བཀྲག་འཆོལ། འགུལ་ན་རྔམ་པ་རྒོད་ལ་གློ་སྙིང་འཕར། ཤེད་ཆུང་རྔུ་ཁ་སྙི་ལ་ཁ་ལྕེ་སྐམ། གཉིད་ཆེ་གློ་མང་མིག་ལྕིབས་རྐང་བོལ་གཡོ། ལུས་པོ་བརྩེ་ཞིང་རོ་སྟོད་གཟེར་ཕྲེང་འོང་། ནད་སྟོབས་ཆེ་ན་དོན་ལ་རྣག་ཆུ་གསོག། ཁྱད་པར་རྔུལ་བརྩེ་སྣ་ཁྲག་གཡོས་བ་ཡིན། ཞེས་པའི་དོན་དང་གློ་ནད་ཅེ་ཧེའི་ཕྱི་ནང་གསང་བའི་རྟགས་དང་ཉེ་བར་འཚམས་ཞིང་། ཁྱད་པར་དུ་ནད་སྟོབས་ཆེ་ལ་ཡུན་རིང་གིས་དོན་ལ་རྣག་ཆུ་གསོག་ཞེས་པའི་དོན་ལ་གཞིགས་ན། གློ་བའི་རྩ་བུག་ཕྲ་རགས་ཀུན་ཏུ་ཚ་བས་ཁྲག་ཆུ་སེར་རུལ་མྱག་དུ་གྱུར་བའི་གློ་བའི་ངོས་ལ་ནད་འགྱུར་བྱུང་སྟབས། ནད་ཤུལ་དོད་ཡོད་པ་ནིXགློག་ཆས་ནང་གསལ་བར་མཐོང་ཐུག་པ་དེ་མ་ཡིན་ནམ། དེ་ནི་འདུས་འདྲིལ་གློ་ནད་མ་ཟད་གློ་ནད་སྤྱི་དང་དམིགས་སུ་གློ་འབྲས(肺癌)དང་དེ་མཚོན་པའི་འབྲས་རིགས་(癌类)ཐ་་་་དག་གི་འབྱུང་རྐྱེན་གཙོ་གནད་ཅིག་ཡིན་པ་ནི་གོར་མ་ཆག་པར་སྙམ་ལ། རྙིངས་རྙོགས་ཀྱི་ནད་ཡང་ཕྱི་ལུགས་པའི་འབྲས་ནད་དང་འདྲ་ནད་ཡིན་རིང་ལ་བཅོས་ཁ་ལོན་་་་དཀའ་བ་དྲག་སྐྱེད་ཆུང་བ་ཟུངས་སྟོབས་རིམ་བཞིན་ཉམས་པ། ཧ་ཀྱང་བཅོས་རྡུགས་པའི་ནད་གཞི་ཏེ། དཔེར་ན། གསོ་དཔྱད་རྒྱལ་པོ་ལས། ཡིད་མ་གསད་པར་ཡུན་རིང་དུ་་བཅོས་སོ། དཔེར་ན་དབྱར་གྱི་སྔོ་ལོ་འགྱུར་བ་དང་འདྲ་སྟེ། ལོ་ཟླ་འདས་ནས་ནམ་སོས་ཆ་མེད་པ་འོང་ངོ་། ཞེས་རྙོགས་ཚད་གསོ་པའི་ཉམས་ཡིག་ནང་དུ་གསུངས་བ་དོན་དུ་སྨིན་ནོ། ། དེ་ལྟར་གོང་གསལ་འདུས་འདྲིལ་གློ་ནད་ལ་རང་ལུགས་གསོ་རིག་རྩོད་སྒྲུབ་་རིག་པའི་དབྱེ་ཞིབ་བྱས་པར་གཞིགས་ནས། ང་ཚོས་དུས་རྒྱུན་ལག་ལེན་དངོས་སུ་ཕྱི་་་ལུགས་པས་གཏན་འབེབས་ནད་ཀྱི་མིང་གི་ལྟ་སྣང་རྗེས་སུ་མགོ་འཁོར་ཏེ་འགྲོ་མི་ རིགས་ཏེ། གསོ་རིག་ལུགས་གཉིས་ཀྱི་ནད་ཁམས་དང་རྒྱུ་རྐྱེན་རིག་པའི་ཟབ་དོན་ཆེས་ཕྲ་རགས་ཀུན་ལ་བློ་རིག་གིས་ཞིབ་ཅིང་ཕྲ་བས་དཔྱོད་ནས་ཕྱོགས་གཉིས་ཀྱི་འདོད་་་ཚུལ་འགྲན་བསྡུར་དང་དཔྱད་གཞིར་བསྟེན་ཏེ། གསོ་རིག་རང་བཞིན་གྱི་འགྲོས་དང་་མཚན་རིག་གི་མཐུས་སྒོ་ཆེས་ཚང་བ་དང་ལྡན་པའི་སྒྲུབ་བྱེད་ཀྱིས་དཔྱད་བསྡུར་་་་་་བཏང་སྟེ། དེའི་རྩ་དོན་གཞིར་བཟུང་ནས་དཔྱད་འབྲས་གཏན་འབེབས་བྱས་ན་ཡང་་་དག་པའི་རིག་ལམ་ཉག་གཅིག་ཏུ་སྙམ་མོ། དེར་བརྟེན་གླེང་བྱ་གློ་ནད་འདུས་འདྲིལ་འདི་བོད་གསོའི་ནང་དུ་ནད་རིགས་
བྱེ་བྲག་འདི་དང་སྒོས་སུ་གློ་གཅོང་རེད་ཞེས་ཁ་ཚོན་གཅོད་རིགས་མིན་ཏེ། གང་ཞེ་
ན། མདོ་ཧྲིལ་གྱིས་བསྡུར་ཏེ། རྩ་དོན་ཐོག་ནས་དཔྱད་ཅིང་བརྗོད་ན། རང་ལུགས་ ཀྱིས་ལུས་ཁམས་གྲུབ་ཚུལ་དང་བྱེད་ལས་སོགས་འབྱུང་བ་ཡིན་པ་ངོས་འཛིན་ཅིང་། ནད་ཀྱི་རྒྱུ་རྐྱེན་གྱུར་ཚུལ་ངོས་འཛིན་བཅོས་ཐབས་དང་སྨན་གྱི་སྦྱོར་སྡེ་སོགས་དེའི་ཆོས་ཉིད་ལ་བསྟེན་ནས་ནད་བཅོས་བྱེད་བཞིན་པ་ཡིན། ཕྱི་ལུགས་པས་མིའི་བྱེད་ལས་དང་གྲུབ་ཚུལ་གྱི་གཞི་རྩའི་སྡེ་ཚན་ཕྲ་ཕུང་ལ་གཞིར་བཟུང་ནས་རྒྱུ་རྐྱེན་གྱུར་ཚུལ་ངོས་འཛིན་བཅོས་ཐབས་དང་སྨན་གྱི་སྦྱོར་སྡེ་སོགས་དེའི་ཆོས་ཉིད་ལ་བསྟེན་ནས་ནད་་་བཅོས་བྱེད་བཞིན་པ་སྟེ། གཅིག་གིས་རྩོད་སྒྲུབ་རིག་པས་བརྟག་དཔྱད་དང་བཅོས་ཐབས་བསྟེན་པ་དང་། གཅིག་གིས་ཕྲ་ཕུང་རིག་པའི་ཐོག་ནས་ནད་རྟགས་བཅོས་བྱེད་པ་ཡིན་ལ། རྩ་བ་ནས་མི་འདྲ་བའི་རིག་ལམ་གཉིས་ལས་ནད་ཀྱི་དཔྱད་འབྲས་མཐའ་གཅིག་ཏུ་འགྱུར་སྲིད་ཀྱི་མ་རེད་སྙམ་པ་སྟེ་མཁས་དབང་རྣམས་ཀྱིས་དཔྱད་པར་འཚལ་ལོ། གོང་གི་ལུང་རིག་ལས་བསྒྲུབ་པའི་དོན་ཚན་ལ་གཞིགས་ན་ཕྲན་རང་ངོས་ཀྱིས་འདོད་ཚུལ་འདི་ལྟར་སྣང་སྟེ། ཕྱི་ལུགས་གློ་ནད་འདུས་འདྲིལ་རིགས་བོད་གསོའི་དབང་དུ་བཏང་ན་སྐབས་བསྟུན་ནད་ཀྱི་སློང་རྐྱེན་གྱུར་ཚུལ་ཕྱིའི་རྟགས་དང་བླ་གཉན་གྱི་ནད་དེ་ལ་ཡང་ཚ་གྲང་གི་དབྱེ་བ་གང་བཅོས་ཀྱི་རྩ་དོན་ལ་གཞིགས་ནས་དེ་དང་འཚམས་པའི་བཅོས་ཐབས་འཐུས་ཚང་ཞིག་བསྟེན་ཏེ་གསོ་བཅོས་ལྷུར་ལེན་དོན་འཁྱོར་བགྱིས་ན་ཕན་སྐྱེད་ལེགས་སུ་སྣང་བ་རང་གིས་ལོ་ངོ་བཅུ་ཕྲག་དུ་མར་བརྒྱུད་ཅིང་གྲུབ་པའི་མྱོང་བྱང་ཡིན་ལ། རིག་ལམ་ཐབས་ཚུལ་དེས་གླེང་བྱའི་གློ་ནད་མ་ཟད་ནད་གཞི་གཞན་ལ་ཡང་བདེ་བའི་དཔལ་དུ་མངོན་སུམ་སྨིན་བྱུང་།
13.ལུགས་གཉིས་ལས་ཕྱི་ལུགས་ཀྱི་བཅོས་ཚུལ་མདོར་བསྡུས་དང་རང་ལུགས་ཀྱི་ཁྱད་ཆོས་རྩ་དོན་རགས་ཙམ་བསྟན་པ། ནད་གཞི་འདིའི་བཅོས་ཐབས་ནི་འདུས་འདྲིལ་སྲིན་འབུ་གསོད་བྱེད་ཀྱི་སྨན་དབྱི་ཡོན་ཅུན(异烟肼)དང་ལིས་ཧྥིའི་ཕིན(利福平)པིས་ཆུན་ཞན་ཨན(吡嗪酰胺)ལན་མེན་སོའི(链霉素)དབྱི་ཨན་ཏིན་ཕྲེན(乙胺丁醇)ཏེ་ཨན་ཆུ་ཧྲེ་དབྱང་སོན་ན(对氨基水杨酸钠)སོགས་ལས་སྣ་གསུམ་ནས་ལྔ་བར་ལྷན་དུ་གང་འཚམས་ནད་གཞིར་གཞིགས་ནས་ལོ་ཕྱེད་ནས་གསུམ་བར་བསྟེན་རྒྱུ་ཡིན་མོད། དེ་ཙམ་གྱིས་ཕན་སྐྱེད་མི་འབྱུང་ལ་ཕོ་བ་དང་མཆིན་པ་མཁལ་མ་ཁྱད་པར་དུ་མཆིན་པ་དང་མཁྲིས་པ། ཕོ་བའི་བྱེད་ནུས་དང་མེ་དྲོད་གསུམ་ཉམས་ཤིང་མཐར་བླ་གཉན་གྱི་ནད་ཡང་མང་པོར་འགྱུར་བའི་ཞོར་སྐྱོན་མཐོང་ཆོས་སུ་མངོན། དུས་རབས་འདིར་བོད་གསོ་འཛིན་པ་ཕལ་མོ་ཆེས་བོད་ཀྱི་གསོ་རིག་གཞུང་དོན་ལ་གོ་བ་གཏིང་ཟབ་མོ་ལེན་མ་ཐུབ་པས། དེ་དོན་ལག་ལེན་ཚུལ་བཞིན་དུ་བཀོལ་ སྤྱོད་བྱེད་པའི་རིག་པས་དབེན་སྟབས། དེང་རབས་གསོ་རིག་ཁྱབ་རྒྱ་ཆེ་བས་དེ་ཡི་ཤན་ཞུགས་ཏེ་དེའི་རྗེས་སུ་ཡི་རང་བ། མགོ་ན་ན་མགོ་སྨན་དང་རྐང་པ་ན་ན་ རྐང་སྨན་ཟེར་བའི་དཔེ་བཞིན་དུ་མཆིས་ཀྱང་། རང་ཉིད་ཀྱི་མྱོང་ཚོར་ལས་ནད་ དངོས་ཐོག་ཏུ་རིག་པ་བསྒྲིམས་ཤིང་དཔྱད་ཅིང་གློ་ནད་རིགས་གྱུར་གང་དང་དེའི་ཆབས་གཅིག་ཏུ་བྱུང་བའི་བླ་གཉན་གྱི་ནད་གང་ཕྱི་ནང་རྟགས་ཀྱིས་སྟོན་པའི་ཚ་གྲང་གང་གང་བཅས་ལ་གཞིགས་ནས་འོས་འཚམས་ལྡན་པའི་སྒོ་ནས་གསོ་བཅོས་བྱེད་་་་་དགོས་པ་ལས། འདུས་འདྲིལ་ནད་ཀྱི་གསོ་བྱ་ཡོད་དོ་ཅོག་ལ་ཐབས་གཅིག་ཏུ་བཅོས་་་ཚུལ་དང་སྨན་དེ་ཁོ་ན་བསྟེན་ན་ཕན་སྐྱེད་ཡང་ཆུང་ལ་རྩོད་སྒྲུབ་རིག་པ་དང་འགལ་བའོ། དེར་བརྟེན་ང་ཚོས་འདུས་འདྲིལ་གློ་ནད་རིགས་གང་ཡང་། ཚ་བས་ཁྲག་ཆུ་སེར་གཡོས་ནས་དོན་སྣོད་སོགས་ནད་འགྱུར་བྱུང་བ་རྙིངས་རྙོགས་ཀྱི་ངོ་བོ་རང་བཞིན་ཅན་གྱི་གྱུར་ཚུལ་ལ་འབྱུང་གཞིར་འཛིན་ནས། དེའི་ཚ་བ་འདོན་ཞིང་ཁྲག་ཆུ་སེར་རྣག་སོགས་སྐེམ་ཅིང་ལུས་ཟུངས་བརྟ་བའི་རྩ་དོན་བཟུངས་ནས་སྐབས་ཕྲལ་བླ་གཉན་དང་གློ་རྡོལ་གློ་བའི་སྐྱ་རྦབ་སོགས་གང་བྱུང་གང་འཚམས་བཅོས་ཁ་སྒྱུར་ནས་གསོ་བཅོས་འབད་པར་བྱས་ནས་འཚོ་བ་གསུམ་ཟད་པའི་ནད་པ་མ་གཏོགས་ཕལ་ཆེར་ནད་འདིའི་འདམས་ལས་ཐར་བར་གྱུར་རོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1