ཟླ་6ཚེས་25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནས་ཤེས་རྟོགས་བྱུང་གསལ། མ་དངུལ་སྒོར་ཁྲི་7690བཏང་ནས་བསྐྲུན་པའི་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་འདམ་ར་སྤྱི་གླིང་གཅིག་པུ་སྟེ། གཡུ་དཀར་འོམ་ལུང་ཆུའི་རྒྱལ་ཁབ་འདམ་ར་སྤྱི་གླིང་སྐྱེ་ཁམས་ཀྱི་ཕན་ནུས་རིམ་གྱིས་མངོན་པར་གྱུར་ཡོད། གཡུ་དཀར་འོམ་ལུང་ཆུ་ནི་མཚོ་སྔོན་པོའི་ཆུ་ཁོངས་ཨང་གཉིས་པ་དེ་རེད་ལ།《ཀྲུང་གོའི་སྐྱེ་དངོས་ཟིན་ཐོ་དམར་པོ》ནང་བཀོད་པའི་འཇིག་ཉེའི་ཙོང་ཆུའི་གསེར་ཉ་ཕྱིར་ཆུ་འགོའི་ཕྱོགས་སུ་རྐྱལ་སའི་ཆུ་ལམ་གཙོ་བོའང་རེད། འདམ་ར་སྤྱི་གླིང་འཛུགས་སྐྲུན་བྱེད་པ་ནས་བཟུང་། གནས་དེ་བརྒྱུད་ནས་ཕྱིར་ཆུ་འགོའི་ཕྱོགས་སུ་རྐྱལ་བའི་ཙོང་ཆུའི་གསེར་ཉ་ནི་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།