ད་ལོར་སི་ཁྲོན་གྱིས་མི་འབོར་དབུལ་པོ་ཁྲི14ཡི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-21
ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ6པའི་ཚེས13ཉིན་འབྱོར་བའི་གཏམ་གསར། སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་སི་ཁྲོན་གྱི་སྒོ་ཀུན་ནས་མི་འབོར་དབུལ་པོ་ཁྲི14ཡི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པར་བརྟེན། མི་འབོར་དབུལ་པོའི་འཚོ་བའི་སྤུད་ཀར་འགན་ལེན་ཏན་ཏིག་བྱས་ཏེ་དབུལ་ཕོངས་ས་ཁུལ་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་མགྱོགས་པོ་གཏང་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་གྱིས་ཞིང་སྡེའི་ཉེན་མེད་འཐུང་ཆུ་ཐག་གཅོད་བྱེད་པའི་ལས་ཀར་དགེ་མཚན་ལྡན་པའི་འཕེལ་རིམ་བྱུང་བ་རེད། ཤེས་རྟོགས་བྱུང་བར། 2018ལོའི་ལོ་མཇུག་བར་སི་ཁྲོན་ཞིང་ཆེན་གྱི་ཉེན་མེད་འཐུང་ཆུ་མི་འདང་བའི་གནད་དོན་ཧ་ཅང་འབུར་དུ་ཐོན་པའི་ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་དུ་རིམ་བརྩི་བྱས་ན་མ་དངུལ་སྒོར་དུང་ཕྱུར8.08བཏང་སྟེ་ཕན་ནུས་ལྡན་པའི་སྒོས་ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོར་ཉེན་མེད་འཐུང་ཆུ་འཐུང་རྒྱུ་ཡོད་པའི་གནད་དོན་ཐག་གཅོད་བྱས་ཡོད། སི་ཁྲོན་ཞིང་ཆེན་ས་ཞིང་ཆུ་བེད་ཅུས་ཀྱི་ཅུས་ཀྲང་ཏུང་ཅུན་གྱིས་ད་ལོར་སི་ཁྲོན་གྱིས་སྒོ་ཀུན་ནས་མི་འབོར་དབུལ་པོ་ཁྲི13.67ལ་ད་རུང་ཉེན་མེད་འཐུང་ཆུ་འཐུང་རྒྱུ་མེད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ། དེའི་ནང་ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་ཤིན་ཏུ་དབུལ་པོའི་རྫོང11གི་མི་འབོར་དབུལ་པོ་ཁྲི10.37འདུས་ཡོད་ཅིང་། དེ་ཚོ་སི་ཁྲོན་ཞིང་ཆེན་གྱི་མི་འབོར་དབུལ་པོའི་བརྒྱ་ཆ76ལ་ཟིན་པ་རེད།