འདི་ནི་ཟླ་6ཚེས་17ཉིན་གཟི་ཚ་ནས་མན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་སི་ཁྲོན་ཞིང་ཆེན་ཕིང་ཝུའུ་རྒྱལ་མཚམས་ནང་ཁུལ་གྱི་ལམ་དུམ་ཁག་དུས་ཚོད་དམ་འཛིན་གྱིས་སྐྲུན་བཞིན་པ།
བོད་རིགས་ས་ཁུལ་དང་དེ་བཞིན་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་འབྲེལ་བའི་སྟབས་བདེའི་ཞིང་ཆེན་རིམ་པའི་གཞུང་ལམ་ཆེན་པོ་སྟེ། གཟི་ཚ་ནས་མན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ནི་སི་ཁྲོན་ནུབ་བྱང་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དྲ་བ་མགྱོགས་པོ་སྐྲུན་པ་དང་། ལམ་རྒྱུད་ལམ་དྲའི་གེགས་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་བ། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་གྱི་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་དང་ལམ་རྒྱུད་ས་ཁུལ་རྒྱུད་གཅིག་ལམ་གཅིག་དང་མཉམ་འདྲེས་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཡོད།