སྤྱི་ཟླ་10པའི་ཚེས་10ཉིན་གྱི་སྔ་དྲོར། རྔ་བ་རྫོང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་པས་ཀྱིས་ཧོ་ཚུགས་ཤང་གི་རྒན་གསོ་ཁང་དུ་དགུན་ལྭ་སོགས་སྐྱེལ་ནས་ཏང་གི་དྲོལ་ཁོལ་དང་ཐུགས་ཁུར་མཚོན་པར་བྱས་ཤིང་། རྒན་རྒོན་ཚོས་ཏང་གིས་ཐུགས་ཁུར་དང་རོགས་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས།
ཐེངས་འདིའི་རྒན་རྒོན་ཚོར་དྲོད་སྐྱིད་སྦྱིན་པ་ཞེས་པའི་བྱེད་སྒོའི་ཁྲོད་དུ། རྒན་གསོ་ཁང་གི་མགོན་མེད་རྒན་རྒོན་ཚོར་ལྭ་བ་བར་ཚངས་ཅན་དང་། ཤིང་བལ་གྱི་ཉལ་ཐུལ་བར་ཚངས་ཅན། ཀམ་པ་ལི། ཁྱེའུ་ཟས་སོགས་རིན་གོང་སྒོར་10000ལྷག་ཤོར་བའི་འཚོ་བའི་སྤྱོད་ཆས་སྐྱེལ་ཡོད། །