ཟླ་5ཚེས་29ཉིན། ཀ་ཏ་མན་རྡུ་རུ་བལ་ཡུལ་གྱི་སྤྱི་མཐུན་ཉིན་མོར་རྟེན་འབྲེལ་ཞུ་བའི་མཛད་སྒོ་སྤེལ་བ་རེད། 2008ལོའི་ཟླ་5ཚེས་28ཉིན། བལ་ཡུལ་རྩ་ཁྲིམས་བཟོ་འགོད་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བལ་ཡུལ་གྱི་གནས་སྐབས་སྲིད་གཞུང་གིས་བཏོན་པའི་གྲོས་གཞི་ལ་གྲོས་འཆམ་བྱུང་ནས། བལ་ཡུལ་ནི་རྒྱལ་ཕྲན་མཉམ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཏུ་གྱུར་བ་ཁྱབ་བསྒྲགས་བྱས་པ་རེད།