ཟླ་5ཚེས་19ཉིན། རྒྱ་གར་བྱང་རྒྱུད་ཀྱི་ཝ་ར་ནཱ་སིའི་འདེམས་ཤོག་འཕེན་ས་ཞིག་ནས། ལས་བྱེད་མི་སྣས་གློག་རྡུལ་འདེམས་ཤོག་འཕེན་སྒམ་བསྡུ་གསོག་བྱས་ནས་ཕྱིར་ལོག་པ་རེད། རྒྱ་གར་གྱི་འདེམས་བསྐོ་ཆེན་མོའི་མཐའ་མའི་དུས་རིམ་གྱི་འདེམས་ཤོག་ནི་ས་གནས་དེའི་དུས་ཚོད་ཚེས་19ཉིན་གྱི་ཆུ་ཚོད་18པར་མཇུག་སྒྲིལ་བ་དང་། དེས་2019ལོའི་རྒྱ་གར་གྱི་འདེམས་བསྐོ་ཆེན་མོའི་འདེམས་ཤོག་ཚང་མ་འཕངས་ཟིན་པ་མཚོན་ཡོད།