ཞི་ཅིན་ཕིང་གིས་འཇར་པན་གྱི་གནམ་བསྐོས་གོང་མ་གསར་བ་ཏི་རིན་ལ་གློག་འཕྲིན་བཏང་སྟེ་ཁོས་ལས་འགན་འཁུར་བར་རྟེན་འབྲེལ་ཞུས།
རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 05-05
ཟླ་ལྔ་བའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་པན་གྱི་གནམ་བསྐོས་གོང་མ་གསར་བ་ཏི་རིན་ལ་གློག་འཕྲིན་བཏང་སྟེ་ཁོས་ལས་འགན་འཁུར་བར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ནི་བར་ཐག་ཉེ་ཞིང་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཆུ་བོའི་རྒྱུན་བཞིན་རིང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཞི་བདེ་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ལ་མཛེས་པའི་མ་འོངས་པ་ཞིག་མཉམ་སྐྲུན་བྱེད་དགོས་ཟེར།
ཉིན་དེར་ཞི་ཅིན་ཕིང་གིས་ད་དུང་ཉེ་ལམ་ལས་གནས་སུ་མར་བབས་པའི་འཇར་པན་གྱི་སྔོན་ཆད་ཀྱི་གནམ་བསྐོས་གོང་མ་མེན་རིན་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་དང་སྨོན་འདུན་ཞུས།