ཟླ་4ཚེས་23ཉིན། ཕྱི་རྒྱལ་དུ་ཤོར་བའི་ཏུན་ཧོང་བྲག་ཕུག་གི་རིག་དངོས་ཀྱི་འདྲ་བཤུས་བརྩམས་ཆོས་90ལྷག་ལན་ཀྲོའུ་ནུབ་བྱང་དགེ་འོས་སློབ་ཆེན་དུ་འགྲེམས་སྟོན་བྱས་ནས་མང་ཚོགས་ལྟ་སྐོར་ལ་བཀུགས་ཡོད། འདྲ་བཤུས་བརྩམས་ཆོས་འདི་དག་ནི་དབྱིན་ཇིའི་ཆེན་པོའི་དངོས་རྫས་བཤམས་སྟོན་ཁང་དང་། ཧྥ་རན་སེའི་རྒྱལ་ཁབ་དཔེ་མཛོད་ཁང་། ཨ་རིའི་ཧ་ཝུར་སློབ་ཆེན་གྱི་དཔེ་མཛོད་ཁང་། ཉི་ཧོང་ལུང་ཀུའུ་སློབ་ཆེན་གྱི་དཔེ་མཛོད་ཁང་བཅས་ནས་བདམས་པ་རེད། དེ་ལ་ཐང་རྒྱལ་རབས་དང་རྒྱལ་རབས་ལྔ། སུང་བྱང་མའི་སྐབས་ཀྱི་ཏུན་ཧོང་བྲག་ཕུག་གི་ཤོག་དེབ་དང་རས་དེབ་བརྩམས་ཆོས་90འདུས་ཡོད། བརྩམས་ཆོས་ཚང་མའི་ཆེ་ཆུང་དང་ཚོན་མདངས་ནི་མ་དཔེ་བཞིན་འདྲ་བཤུས་བྱས་ཡོད།