འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བཞིན་པའི་རྒྱུ་ལའི་ཕུག་ལམ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-16


     ཤར་རྒྱུ་ལ་ཁྲ་མོ་ཞེས་གྲགས་པ་འདི་ནི་དར་མདོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཡོད་ལ། རྒྱ་བོད་ཀུན་ལ་སྙན་གྲགས་འབར་བའི་རི་བོ་ཞིག་ཡིན་ཞིང་མཚོ་འཕགས་སྨི4963ཡོད། རྒྱལ་ལམ318གྱི་འགྲུལ་ལམ་ཡིན། སྤྱི་ལོ2018ལོའི་ལོ་མཇུག་ནས་རི་བོ་འདིར་ཕུག་ལམ་གསར་སྐྲུན་བྱེད་པར་ཆོག་མཆན་ཐོབ་པ་བཞིན་དུ་རྒྱུ་ལའི་ཤར་ནུབ་གཉིས་ནས་ཕུག་ལམ་ལས་འགོ་བརྩམས་ཡོད་པ་རེད།
     ཟླ་འདིའི་ཚེས10ཉིན་གསར་འགོད་པས་རྒྱུ་ལ་ཕུག་ལམ་གསར་སྐྲུན་ལས་གྲྭའི་ལས་ཁུངས་ནས་ཤེས་རྟོགས་བྱུང་དོན། རྒྱུ་ལའི་ཕུག་ལམ་གྱི་ཤར་ངོས་སུTJ1རྟགས་ཅན་གྱི་ལམ་དུམ་བུར་རིམ་རྩིས་བྱས་ན་ཕུག་ལམ་བརྐོས་ནས་སྨི305ཟིན་པའི་སར་བསླེབས་པ་དང་། ནུབ་ངོས་ནསTJ2རྟགས་ཅན་གྱི་ལམ་དུམ་བུར་རིམ་རྩིས་བྱས་ན་ཕུག་ལམ་བརྐོས་ནས་སྨི540ཟིན་པའི་སར་བསླེབས་ཡོད་པ་རེད། ཕྱོགས་གཉིས་ནས་ཕུག་ལམ་གྱི་བསྡོམས་པའི་རིང་ཚད་སྨི845བརྐོས་ཟིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1