སི་ཁྲོན་ཞིང་ཆེན་ལིའང་ཧྲན་ཁུལ་མུ་ལི་རྫོང་ཉག་ཆུ་གྲོང་རྡལ་ལི་ཨན་གྲོང་ཚོའི་ནགས་ཚལ་མེར་ཤོར་བ་དང་། ནགས་ཚལ་མེ་གསོད་མཁན་27དང་ས་གནས་ཀྱི་ལས་བྱེད་མང་ཚོགས་མི་3བཅས་ཀྱིས་རང་སྲོག་བློས་བཏང་བས། སྐུ་ཕུང་ཁག་ཅིག་ཟླ་4ཚེས་2ཉིན་ཞི་ཁྲང་གྲོང་ཁྱེར་པུར་ཁང་དུ་བསྐྱལ་བ་དང་། ས་གནས་དེ་གའི་མང་ཚོགས་རང་འགུལ་ངང་པུར་ཁང་དུ་རང་སྲོག་བློས་བཏང་བའི་མེ་གསོད་དཔའ་བོ་ཚོར་མྱ་ངན་ཞུ་བར་ཡོང་བ་རེད།