ས་གཤིས་ཀྱི་རྗེས་ཤུལ་ཐོན་ཁུངས་དང་། མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ཁྱད་དུ་འཕགས་པའི་ས་བབ། ཁུ་ནུ་རི་བོའི་ཕུན་སུམ་ཚོགས་པའི་རིག་གནས། ཚན་རིག་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པའི་རྐྱེན་གྱིས། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་དང་རིག་གནས་རྩ་འཛུགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཁུ་ནུ་རི་བོའི་ས་གཤིས་སྤྱི་གླིང་ལ་འཛམ་གླིང་ས་གཤིས་སྤྱི་གླིང་ཞེས་པའི་མཚན་སྙན་བསྩལ།