ས་སྲོད་ཀྱི་ཡིད་བརྙན།
འོད་གྲུ། (མགོ་ལོག རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཟླ་འོད་ལྟ་བུའི་དྲི་བྲལ་གྱི་བུ་མོ་ཞིག་ལ་གཉེན་བསྒྲིག་བྱས་ནས།
ནགས་ཚལ་གྱི་ཡལ་ག་རེ་རེ་འབྲི་འདོད།
སྟོང་ཉིད་ཀྱིས་རྟེན་འབྲེལ་ཡོད་ཚད་མོག་པར་བྱས།
ལྗང་ལོ་ལྟ་བུའི་དྭངས་གཙང་གི་ཁང་ཆུང་ཞིག་བཟོས་ནས།
མཚར་སྡུག་འབར་བའི་དབྱར་ཁ་ཞིག་འབྲི་འདོད།
དུས་ཚིགས་ཀྱི་རླུང་བུས་གྲང་ངར་བསུ།
མཚོ་མོ་ལྟ་བུའི་ཤེར་དཀར་གྱི་ཁྱིམ་གཞིས་བཟོས་ནས།
ངས་རང་གི་གྲིབ་ཡོལ་ཁྲིད་དེ་ལྷ་སར་ལོག་འདོད།
འཇིགས་རྔམ་གྱི་སེང་གེས་གཏམ་རྒྱུད་ལ་བཞི་ཤད་བྲིས།
སྤྲིན་དཀར་ལྟ་བུའི་དྭངས་གཙང་གི་སྟེགས་བུར་སྨོན་བཞིན།
གསེར་མདོག་གི་རྨི་ལམ་ཞིག་འབྲི་འདོད།
མཁྱེན་རྩལ་དམན་པས་ཤེས་རབ་གྱིས་མྱ་ངན་བཟོས།
ཐང་དཀར་ལྟ་བུའི་རྨི་ལམ་གྱི་རྟ་མཆོག་བཞོན་ནས།
དཔའ་རྩལ་ལྡན་པའི་མིག་ཟུང་སྤྱད་འདོད།
ཐོལ་གྱིས་ལྡིང་བའི་དུས་ནད་ཀྱིས་མཐོང་ལམ་ཡོད་ཚད་འགོག་པར་བྱས།