སྣང་བའི་ཆོ་འཕྲུལ།

མི་ཉག•དགོད་ཁ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26



ཡིད་ལ་བས་མཐའི་ཁ་བ་འབབ་དུས་རེད།།

འབབ་ཚུལ་བྱིའུ་ཆུང་གཤོག་སྒྲོ་ལྡེམ་ཚུལ་རེད།།

གཤོག་སྒྲོ་ནེམ་ནེམ་སེམས་པར་ཀླན་པ་ན།།

སྨྲེངས་བའི་མཆི་མ་དཀར་པོ་འོ་མ་རེད།།

ཡིད་ལ་མེ་ལྕེ་དམར་པོ་འཕྱུར་དུས་རེད།།

འཕྱུར་ཚུལ་སྲོད་ཀྱི་སྤྲིན་དམར་གདུ་ཚུལ་རེད།།

སྤྲིན་པའི་དམར་ཐག་རྒྱང་དུ་འཐེན་པ་ན།།

དྲན་པའི་ན་ཟུག་དམར་པོ་མེ་ཕུང་རེད།།

ཡིད་ལ་ཆུ་བོའི་རྦབ་ཁ་བྲུག་དུས་རེད།།

བྲུག་ཚུལ་བྱང་ཐང་རྟ་ཁྱུ་འདྲོགས་ཚུལ་རེད།།

རྟ་ཁྱུ་ཨ་ཐང་ནང་ནས་ཆད་པ་ན།།

སེམས་ཀྱི་ངལ་བ་རྟ་ཕོ་ཆད་འདྲ་རེད།།

ཡིད་ལ་མི་སེམས་དམར་པོས་གཙེ་དུས་རེད།།

གཙེ་ཚུལ་ངང་ཆུང་ཤི་གསོན་བྲལ་ཚུལ་རེད།།

ངང་ངུར་རྒྱ་མཚོའི་ཀློང་དུ་ཐིམ་པ་ན།།

སེམས་ཀྱི་གདུང་བ་མཚོ་མོ་སྐྱོམ་འདྲ་རེད།།

སྣང་བའི་མེ་ཏོག་རྒྱང་རིང་སྤང་ཁར་བཞད།།

སྤུར་བའི་ལོ་མ་རླུང་བུས་འཁྲིས་སུ་ཁྱེར།།

བཟུང་ཡང་ཟིན་དུ་མེད་པའི་འཁྲུལ་སྣང་འདི།།

མི་སེམས་སྒྱུ་མ་མཁན་གྱི་ཆོ་འཕྲུལ་ལོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1