ཞིས་མོའོ་རོང་གི་སྙན་ངག་གཉིས།
སྒོ་སེང་གིས་བསྒྱུར། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
༡ སྐར་མ་ཁེར་འགྲོ།
མཁའ་དབྱངས་སུ་སྐར་མ་ཞིག
ཁེར་རྐྱང་དུ་འདུག
མུན་ནག་གི་འགྲུལ་བཞུད་པ་དེས།
ཕྱིར་ལྟ་བྱེད་གྱིན་འདུག
འདང་བརྒྱབ་ན།
དེ་ནི་ཁོའི་བརྩེ་དུང་ཆགས་ཚུལ་ཐོག་མ།
ཐོག་མ་དེ་ཡིན་ཚོད་རེད།
༢ བ་སྤུ་མེ་ཏོག
བ་སྤུ་མེ་ཏོག་ནི།
དུས་ཚིགས་ཀྱི་དབྱེ་བ་མེད་པར།
ཉིན་མཚན་ཀུན་ཏུ།
དྲི་བསིང་ལྡན་པའི་འདབ་མ།
གད་ལ་ཁད་ཅིག་རེད།
ཁྱེད་ཉིད་དྲན་པ་ཡང་།
ཕལ་ཆེར་དེ་དང་དབྱེ་བ་མེད།
ཉིན་མཚན་དབྱེར་མེད།
དུས་ཚོད་སྐར་རེ་རེར།
བསྒྱུར་རྩོམ་དང་རྩོམ་རིག་དཔྱད་བརྗོད་བསྐུར་སའི་ཡིག་སྒྲོམ།
2799729719@qq.com
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1