བཙན་ལྷ་རུ་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་བྱེད་སྒོ་སྤེལ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-22



        ལོ་སར་སྐབས། སྐོར་བྲོ་འཁྲབ། སེང་གེ་འཆམ། དམངས་ཕན་སྲིད་ཇུས་ལས་བྱ་དགའ་ཡོད་པའི་ཁེད་ཚིག་བྱ་འགུལ། སྡེ་བའི་ཆེས་མཛེས་པའི་མི་དཔྱད་འདེམས། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་བཟང་མཉམ་སྤྱོད། ལོ་སར་ཆ་ཡིག་འབྲི་བ་སོགས་ལས་བྱེད་མང་ཚོགས་ཀྱིས་མཉམ་དུ་དགའ་དགའ་སྤྲོ་སྤྲོའི་ངང་དཔྱིད་གསར་དུས་ཆེན་ལ་རོལ་བའོ། །

        དངོས་གནས་སྐྱིད་པ་ལ། ཡུལ་ཚོའི་འགོ་ཁྲིད་དང་ང་ཚོའི་སྡེ་འགན་གཙང་ལེན་ལས་བྱེད་པ། ད་དུང་སྡེ་མི་ཚོ་དང་མཉམ་དུ་བྱ་འགུལ་ཁང་ནས་དགའ་ཞིང་སྐྱིད་པའི་ངང་ལོ་སར་རོལ། ཞེས་ཡུལ་མི་ཚོས་དེ་ལྟར་བཤད་བྱུང་།
        འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་བྱེད་སྒོས་ང་ཚོར་ཐུགས་ཁུར་དང་བྱམས་སྐྱོང་ཚོར་དུ་བཅུག འདི་ནས་རིག་རྩལ་ལེ་ཚན་ལ་ལྟ་ཐུབ་པ་མ་ཟད། ད་དུང་རིན་མི་ལེན་པར་གཟུགས་པོར་བརྟག་དཔྱད་བྱས་པ་དང་། བཅའ་ཁྲིམས་སྲིད་ཇུས་ཤེས་བྱ་སློབ་སྦྱོང་ཡང་བྱས། ང་ཚོའི་དབུལ་བྲལ་ཕྱུག་འགྱུར་གྱི་ཡིད་ཆེས་ཇེ་བརྟན་དུ་ཕྱིན་ཡོད།

        ཟླ་2པའི་ཚེས་16ཉིན། བཙན་ལྷ་རྫོང་སྐུ་བླ་རི་བོ་གྲོང་རྡལ་ཧྲོང་ཏིའོ་སྡེ་བའི་སྡེ་དམངས་ཨུ་ལྷན་གྱི་བྱ་འགུལ་ཁང་དུ། ས་གནས་ལས་དོན་མི་སྣས་ལོ་སར་གྱི་ལག་རྟགས་སྡེ་མི་ཚོའི་ལག་ཏུ་སྤྲད་སྐབས། ས་གནས་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་བསྟོད་པ་འཐེན།


        འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་སྤེལ་བའི་ཁྲོད། བཙན་ལྷ་རྫོང་གིས་གསུམ་ཚང་བའི་དམངས་ཀྱི་གནས་ཚུལ་འདྲི་རྟོག་དང་རྩ་འཛུགས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཡོངས་ཞུགས་པ། བཅར་འདྲི་ཁྱོན་ཡོངས་ལ་ཁྱབ་པ། དམངས་ཀྱི་གནས་ཚུལ་བརྒྱུད་རིམ་ཧྲིལ་པོར་བཅར་འདྲི་བྱེད་པ་འབུར་དུ་དོད་དེ། ཁྱིམ་ཚང་རེ་རེར་སོང་ནས་མང་ཚོགས་དང་སྙིང་གཏམ་གླེང་བ། ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱེད་པ། ས་ཆ་བསྡུ་ལེན་དང་བཤིག་སྤོ་དང་ཐོན་དབང་སྐོར་གྱི་རྩོད་གཞི། ཁྱིམ་མཚེས་བར་གྱི་རྩོད་གཞི་སོགས་ཀྱི་གནད་དོན་ལ་གཙང་བཤེར་གཏིང་ཟབ་བྱས་ནས་འགལ་བ་དག་གཞི་རིམ་ནས་ཐག་གཅོད་ཏན་ཏིག་བྱས།


        བཙན་ལྷ་རྫོང་གི་ཡུལ་ཚོ་ཁག་ཏུ་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་དཔྱིད་གསར་བསུ་བ་བརྗོད་དོན་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས། གང་སར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། གྲོང་སྡེའི་དཔལ་འབྱོར་ཇེ་དར་རེད་ལ། དམངས་ཀྱི་འཚོ་བ་ཇེ་སྐྱིད་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1