སྙན་ངག་ནང་གི་གཏེར་ལེན་ཁ།
སྒོ་མེ་དོན་གྲུབ་ཚེ་རིང་།(མཚོ་ནུབ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
ང་རང་དལ་མོར་ཁྱེད་ལ་བཅར
ཆར་ཟིམ་ཁྲོད་ཀྱི་དཔལ་ཡོན་ཆུ་བོ
ངག་མ་སྨྲས་ཀྱང
སེམས་འགུལ་གྱི་མིག་ཆུ་ཤར་ཤུར
བསིལ་རླུང་གིས་གངས་གྲོང་གི་འཕྲིན་པ་བཏེགས
ང་རང་རྨི་ལམ་གྱི་ཆར་ཡུལ་འགྲིམས
ཁྱེད་ནི་མཛེས་ཤིང་སྡུག་པས
ང་རང་ཆར་ཐིགས་སུ་གྱུར
ཁྱེད་ནི་འཇམ་ཞིང་དྭངས་པས
ང་རང་དེ་རུ་སིམ
ཁྱེད་ལ་བཅར ང་རང་ཆར་བའི་ནང་གི་དཔལ་ཡོན་ཆུ་བོར་བཅར
ཁྱེད་ལ་བཅར ང་རང་མཛེས་སྡུག་གི་ཆར་བར་བཅར
ཁྱེད་ལ་བཅར ང་རང་ངག་རྒྱུན་ཁྲོད་ཀྱི་ཕ་ཡུལ་ལ་བཅར
ཁྱེད་ལ་བཅར ང་རང་སྙན་ངག་གི་ཕ་ཡུལ་ལ་བཅར
ངས་ཁྱེད་ལ་བྱིལ་བྱིལ་ཡང་མོ་བྱས
ཆར་བའི་ཁྲོད་ཀྱི་དཔལ་ཡོན་ཆུ་བོ
ཅི་ཡང་སྨྲ་དགོས་མི་འདུག
ངས་རྨི་ལམ་ལག་ལ་བཙུར་ནས
ཆར་བ་ཟམ་ཟིམ་རྒྱང་རིང་ལ་འདྲེས
ངས་ཡུལ་ལ་ལོག་པའི་ལམ་དེ་རྙེད
ཁྱེད་ནི་འདི་འདྲའི་མཛེས་པས
ང་རང་ཆར་ཐིགས་སུ་གྱུར
ཁྱེད་རང་འདི་འདྲའི་འཇམ་པས
ང་རང་དེ་རུ་སིམ