རྔ་བ་ཁུལ་གྱིས་གཞན་ཡུལ་ནས་སྨན་པར་སྟོན་པའི་དཀའ་ཁག་བསལ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 01-25


        ནད་ཡོད་ཚེ་སྨན་པར་སྟོན་རྒྱུ་དང་སྨན་ཁང་དུ་སྡོད་པ་ནི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ནས་འཕྲད་པའི་གནད་དོན་ཞིག་ཡིན་པས། སྨན་བཅོས་དང་འབྲེལ་བའི་གནས་ཚུལ་ནི་མི་སེར་ཚོས་ནམ་རྒྱུན་ཐུགས་ཁུར་བྱེད་པའི་དོན་དག་ཆེ་ཤོས་ཞིག་ཡིན་པ་རེད། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་འཚོ་བའི་བྱང་ཚད་གོང་མཐོར་འགྲོ་བཞིན་པའི་དུས་དང་བསྟུན་ནས། མི་དམངས་ཀྱིས་སྨན་བཅོས་འཕྲོད་བསྟེན་བྱ་བར་བཟུང་ལྟ་ཚུལ་ཀྱང་ལོ་རེ་བཞིན་ཇེ་མཐོ་ཡིན།

        རྔ་བ་ཁུལ་གྱིས་མང་ཚོགས་ལ་སྨན་བཅོས་ཞབས་འདེགས་མ་ལག་སྤུས་ལེགས་དང་སྟབས་བདེ་བསྐྲུན་པའི་ཆེད་དུ། རྔ་བ་ཁུལ་གྱིས་གཞན་ཡུལ་ནས་སྨན་པར་སྟོན་པར་ཐུན་མིན་དྲིལ་སྒྲོག་དང་འགྲོ་ལུགས་སྟབས་བདེ་སྒྲུབ་པ། གཞན་ཡུལ་ནས་སྨན་པར་སྟོན་པར་སྒྲིག་གཞི་མཐུན་སྦྱོར་སོགས་ཀྱི་ཐབས་ལམ་བརྒྱུད་ནས། རྔ་བ་ཁུལ་གྱི་སྨན་བཅོས་འགན་སྲུང་དུ་ཞུགས་པའི་མི་སྣའི་གཞན་ཡུལ་ནས་སྒོར་མོ་སྤྲད་ནས། སྨན་ཡོན་རྩིས་ཞུ་བྱེད་པའི་གནད་དོན་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཡོད་པས་གཞན་ཡུལ་ནས་སྨན་བཅོས་བྱེད་རྒྱུའི་དཀའ་ཁག་སེལ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1