རི་ཆུ་སྟོང་གིས་མ་ཆོད།།
རླུང་དང་ཁ་བས་མ་ཁོགས།།
བརྩེ་བ་རུམ་གང་ཁྱེར་ནས།།
ལ་ཐུག་ལུང་ཐུག་བྱས་སོང་།།
མི་ཁ་གཉན་པོས་མ་ཐུབ།།
ལས་དབང་བཙན་པོས་མ་ཆུམས།།
ཐོག་མའི་དམ་བཅའ་བསམས་ནས།།
ལ་ཐུག་ལུང་ཐུག་བྱས་སོང་།།
ཁྱོད་ཀྱིས་ལམ་ཐག་མ་འཛེམ།།
ང་ཡིས་ལན་ཆགས་མ་བསམ།།
རུ་སྡེ་ཆ་མེད་ཅིག་ནས།།
ལ་ཐུག་ལུང་ཐུག་བྱས་སོང་།།
ལམ་དང་ཁུགས་སོ་བརྒྱུད་ནས།
ལས་ལ་གོ་འཛོལ་བྱུང་ཡང་།།
སེམས་ཀྱི་ལམ་ཡིག་དྲོན་མོས།།
ལ་ཐུག་ལུང་ཐུག་བྱས་སོང་།།
འཛོམས་པའི་བསྐལ་བ་ཡག་མོར།།
སེམས་པའི་ཕྱི་ནང་རྟོལ་ཤོག །
སླར་ཡང་འཕྲད་རྒྱུ་བྱུང་ན།།
གཏན་གྱི་འདུ