ལག་པ་འདི།

ཨ་ཉི་རྡོར་བྷ།(ལན་གྲུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


ལག་པ་འདི་ཕྱི་ལ་བསྲིངས་པ་ཡིན

ལག་པ་ཕྱི་ལ་བསྲིངས་ནས་ལག་གཡུག་བྱེད་པ་ཡིན

ལག་པ་གཡུག་བཞིན་པའི་མི་དག་ལ་ལག་གཡུག་བྱས་པ་ཡིན

ལག་པ་འདིས་ལག་གཡུག་བྱེད་བཞིན་ཕྱི་རོལ་ནས་ཡུན་རིང་ལུས

ལག་པ་འདི་དམར་པོར་འགྱུར་བཞིན་འདུག

དམར་པོ་དམར་སྨུག་ཏུ་གྱུར

མཛུབ་མགོ་དང་སེན་བར་སྐྱ་མདོག་ཏུ་གྱུར

ངས་རང་གི་ལག་པ་ལ་ལྟ་བཞིན

ལག་པ་འདི་སྙིང་རེ་རྗེ་འདོད་བཞིན

ལག་པ་འདི་ག་ལེར་རུམ་ལ་བསྡུས་པ་ཡིན

ལག་པ་འདི་རུམ་ལ་བསྡུ་དོན་ཅི་ཞེ་ན

ག་ཤེད་ནས་འོང་བ་མི་ཤེས་པའི་ཙག་ལྡོམ་ཞིག་གམ

ལག་པ་གཡུག་སྟེ་ལག་བརྡ་གཏོང་དགོས་ས་ཉུང་བའི་རྐྱེན་ཁོ་ན་རེད

ངས་རང་གི་ལག་པར་ལྟ་བཞིན་འདི་ལྟར་བསམས

ལག་པ་འདི

འབྲོག་པའི་ལག་པ་ཡིན

འབྲོག་པའི་ལག་པ་འདི་རུམ་ལ་བསྡུ་བའི་སྲོལ་མེད

ངས་རང་གི་ལག་པར་ལྟ་བཞིན་ཚོད་ཚོད་ལ་ཡང་འདི་ལྟར་བསམས

༢༠༡༧ལོའི་ཟླ༡༡པའི་ཚེས༢༩ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1