ཟླ་12ཚེས་17ཉིན། ཀེ་རི་སེའི་རྒྱལ་ས་ཨ་ཐེན་སི་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་གནས་པའི་ཀེ་རེ་སེའི་སྒེར་གཉེར་སྨྱན་སྦྱོར་ཚོགས་པའི་གཞུང་ལས་ཁང་དུ་འབར་མདེལ་གྱི་འཇབ་རྒོལ་ཕོག་པ་དང་། འཛུགས་སྐྲུན་དངོས་པོའི་ཆ་ཤས་ལ་གཏོར་སྐྱོན་ཕོག་ཀྱང་། མི་སྣ་འཆི་རྨས་བྱུང་མེད། མིག་སྔའི་བར་ཚོགས་པ་དང་མི་སྒེར་སུས་ཀྱང་འཇབ་རྒོལ་དེ་སྤེལ་བའི་ཁྱབ་བསྒྲགས་བྱས་མེད།