མཚོ་བོད་ས་མཐོའི་དམིགས་བསལ་གྱི་ས་ཁམས་ཆགས་ཚུལ་དང་རང་བྱུང་ཁོར་ཡུག་ལས“འཛམ་གླིང་གི་ཡང་རྩེ”ཞེས་གྲགས་ཤིང་། ལོ་ངོ་ཁྲི་སྟོང་དུ་མའི་སྔོན་དུ་སྐམ་ས་འགུལ་སྐྱོད་བྱས་ཏེ། ས་གཞིའི་སྟེང་གས་ཆག་བྱུང་སྟེ་རི་བོ་ཐོན་ནས་ཐུན་མོང་མ་ཡིན་པའི་ས་ཁམས་ཆགས་ཚུལ་ངོ་མཚར་ཅན་ཞིག་གྲུབ་ཡོད། ས་མཐོའི་ཡུལ་གྲུ་འདིར་གངས་རི་དང་འཁྱགས་རོམ་གང་སར་ཁྱབ་ནས་ད་ལྟའི“འཛམ་གླིང་གི་ཡང་རྩེ”དེ་ཆགས་པ་རེད།