འབྲོག་པ་གཞིས་ཆགས་ཐུབ་པས་བདེ་སྐྱིད་ཀྱི་འཚོ་བ་རོལ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 12-03


        སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧོང་ཡོན་རྫོང་དུ། གྲལ་འགྲིག་པའི་གཞིས་བྲང་ཆུང་ཆུང་དག་རྩྭ་ཐང་སྟེང་ལྷག་ཏུ་མིག་དབང་འཕྲོག བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུའི་རིང་། རྩྭ་ཐང་སྟེང་དུ་འཚོ་བ་རོལ་བའི་འབྲོག་པ་ལ་མཚོན་ན། འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ལྟར། ལོ་གཅིག་ལ་སྦྲ་གུར་གཅིག་ཏུ་བསྡད་པའི་འབྲོག་པའི་འཚོ་བ་མཇུག་སྒྲིལ་ནས། གྲོང་ཁྱེར་ལྟ་བུའི་རིག་གནས་གྲུབ་འབྲས་ཉམས་སུ་མྱོང་ཆོག་པ་རེད། དེ་རིང་། ང་ཚོ་གསར་འགོད་པ་དང་མཉམ་དུ་ཧོང་ཡོན་རྫོང་དུ་རྩྭ་ཐང་གི་འགྱུར་ལྡོག་གསར་པ་ལ་བལྟ་སར་འགྲོ། 

        2009ལོར། བོད་ཁུལ་གྱི་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་དང་། སྦྲ་གུར་གྱི་འཚོ་བ་གསར་པའི་བྱ་སྤྱོད་དངོས་སུ་སྤེལ་བ་རེད། འཆར་འགོད་ལྟར་ན། སི་ཁྲོན་གྱིས་ལོ་བཞིའི་ནང་། བོད་ཁུལ་གྱི་འབྲོག་པའི་རྫོང་ཉེར་དགུ་རུ་གཞིས་ཆགས་གནས་ཆིག་སྟོང་བཞི་བརྒྱ་དང་དགུ་འཛུགས་བསྐྲུན་བྱས་ཡོད། འབྲོག་ཁུལ་དུ་གཞིས་ཆགས་མེད་པ་དང་ཡང་ན་ཁང་པ་ཐབས་ཆག་ལས་མེད་པའི་དུད་ཚང་འབུམ་གཅིག་གི་མི་གྲངས་འབུམ་བཞི་ཁྲི་བརྒྱད་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བཏང་ཡོད། 
        ར་སྐོར་གྲོང་སྡེ་ལ་སོང་དུས། གསར་འགོད་པས་གྲལ་འགྲིག་པའི་གཞིས་ཆགས་སྡོད་ཁང་དང་། སྲ་མཁྲེགས་ཀྱི་གཞུང་ལམ་བདེ་མོ། གློག་སྒྲོན་དང་ཉི་ནུས། སྤྱི་པའི་གསང་སྤྱོད་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་འཛོམས་ཡོད་པ་མཐོང་། རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་མཐོར་འདེགས་དང་ཡུལ་སྐོར་བ་ཉིན་བཞིན་ཇེ་མང་འགྲོ་བ་དང་བསྟུན། ར་སྐོར་གྲོང་སྡེ་རུ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཏེ་རང་སྐོར་ལྗོངས་རྒྱུའི་གཞིས་སྒར་བཙུགས་ནས། སྤྲོ་འཆམ་ཕེབས་པའི་ཡུལ་སྐོར་བར་སྣེ་ལེན་བྱེད་པ་རེད།
          ཉིས་སྟོང་དགུ་ལོར་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་པ་ནས་བཟུང་།ཞིང་འབྲོག་མང་ཚོགས་ཀྱི་མི་རབས་མང་པོར་རྩྭ་སར་བརྟེན་ནས་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་བཏང་ནས།ཡངས་ཤིང་སྐྱིད་པའི་སྡོད་ཁང་ནང་སྤོས་པ་རེད། གཞིས་ཆགས་བྱུང་བའི་འབྲོག་པའི་འཚོ་བ་ཇེ་ལེགས་སོང་ཡོད། དུས་ཡུན་རིང་པོར་འབྲོག་པའི་སྨན་བསྟེན་དཀའ་བ་དང་ཕྲུ་གུར་སློབ་གསོ་ཐོབ་དཀའ་བའི་གནད་དོན་སོགས་ཐག་གཅོད་ཡག་པོ་ཐུབ་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་བཟུང་། རྔ་བ་ཁུལ་གྱིས་བོད་ཀྱི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་བྱས་ཏེ། མི་རིགས་ཀྱི་རིག་གནས་རྣམ་པ་སྣ་ཚོགས་སྟོན་པ། འབྲོག་ལས་དང་ཡུལ་སྐོར་ཐོན་ལས་མཉམ་བསྲེས་རིམ་སྤར་བྱས་ནས། འབྲོག་ཁུལ་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཞག་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1