དཀར་མཛེས་གེ་སར་གནམ་གྲུ་ཐང་དུ་སང་ལོར་གནམ་གྲུ་ཤར་གཏོང་ཐུབ་རེ་ཡོད།

བདེ་ཆེན་གྱིས་བསྒྱུར་ཞུས་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-19


        ཉེ་ཆར། ལྷོ་ནུབ་མཁའ་འགྲུལ་དོ་དམ་ཅུས་ཀྱིས་གནམ་གྲུ་འཕུར་སྐྱོད་ཞབས་འདེགས་ལྟེ་གནས་ཀྱི་མི་སྣ་ད་ལྟར་སྐྲུན་བཞིན་པའི་དཀར་མཛེས་གེ་སར་གནམ་གྲུ་ཐང་དུ་སོང་ནས་མཁའ་འགྲུལ་ཆ་འཕྲིན་རང་འགུལ་ཅན་གྱི་མ་ལག་སྒྲིག་སྦྱོར་སྐོར་གྱི་གསོ་སྦྱོང་ལས་ཀ་སྤེལ་བ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་གེ་སར་གནམ་གྲུ་ཐང་མཚོ་འཕགས་སྨི4068སར་ཡོད་པས། ཀྲུང་གོའི་མཚོ་འཕགས་མཐོ་བའི་མཐོ་སྒང་གི་གནམ་གྲུ་ཐང་ཞིག་ཏུ་གྱུར་ཡོད།
        འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། དཀར་མཛེས་གནམ་གྲུ་ཐང་དུ་སང་ལོའི་ལོ་འགོར་གནམ་གྲུ་ཤར་གཏོང་ཐུབ་རེ་ཡོད་པ་རེད། གནམ་གྲུ་ཐང་བསྐྲུན་ཚར་རྗེས། སྔོན་རྩིས་བྱས་ན་ཁྲེང་ཏུའུ་དང་ཁྲུང་ཆིན་སོགས་ས་གནས་ལ་གནམ་གྲུ་འཕུར་རེས་ཐུབ་པ་དང་། གནམ་གྲུ་གཙོ་བོ་ནི་ཁུང་ཁེ་རྟགས་ཅན་གྱིA319(འདུག་ས115ཡོད)དང་པོ་དབྱིན་རྟགས་ཅན་གྱི737(འདུག་ས100ཡོད)ཡིན་པ་རེད། གནམ་གྲུ་ཐང་བསྐྲུན་ཚར་རྗེས། རང་ཁུལ་གྱི་དཀར་མཛེས་དང་གསེར་ཐར། སེར་ཤུལ་སོགས་བྱང་རྒྱུད་རྫོང7ཡི་འགྲུལ་པ་གནམ་གྲུར་བསྡད་ནས་ཁྲེང་ཏུའུ་རུ་སོང་ན་ཆུ་ཚོད་གཅིག་ཡས་མས་སུ་སླེབས་ཐུབ་པ་དང་། གཞུང་ལམ་དུ་བསྐྱོད་པའི་དུས་ཚོད་དང་བསྡུར་ན་ཆུ་ཚོད་བརྒྱད་དགུ་ཙམ་གྱི་ཇེ་ཐུང་དུ་སོང་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1