སྤྱི་ཟླ་11པའི་ཚེས་5ཉིན་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དང་པོ་ཧྲང་ཧེ་ནས་ཚོགས་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པར་མ་ཟད། ཁ་བྱང་ལ་《གསར་གཏོད་དཀྱེལ་ཡངས་ཀྱི་སྒོ་ནས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་བསྐྲུན་བྱེད་པ།》ཞེས་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་།
11月5日,首届中国国际进口博览会在上海开幕。国家主席习近平出席开幕式并发表题为《共建创新包容的开放型世界经济》的主旨演讲。 图 / 新华社
ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དང་པོ་དེ་སྤྱི་ཟླ་11པའི་ཚེས་5ཉིན་ཧྲང་ཧེ་རུ་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པར་མ་ཟད་འགོ་བརྗོད་དུ་གསར་གཏོད་དཀྱེལ་ཡངས་ཀྱི་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་བསྐྲུན་བྱེད་པ་ཞེས་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་དང་། ལོ་རྒྱུས་ལ་ཕྱིར་དྲན་བྱས་ན། སྒོ་འབྱེད་དང་མཉམ་ལས་ནི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་གསོན་ཤུགས་འཕེལ་བར་བྱེད་པའི་འགུལ་ཤུགས་གལ་ཆེན་ཞིག་རེད། མིག་སྔའི་གནས་ཚུལ་ལ་གཞིགས་ན། སྒོ་འབྱེད་མཉམ་ལས་བྱ་རྒྱུ་ནི་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ཁྲོད་སླར་གསོ་ཡོང་བར་བྱེད་པའི་དོན་དངོས་ཀྱི་བླང་བྱ་དེ་ཡིན་པ་དང་། མ་འོངས་པར་ཁ་ཕྱོགས་ཚེ། སྒོ་འབྱེད་མཉམ་ལས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཟམ་མི་ཆད་པར་ཡར་རྒྱས་ཡོང་བ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཡིན། རྒྱལ་ཁབ་ཁག་ནས་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། མཉམ་དུ་གོང་འཕེལ་ཡོང་བ་བྱས་ཐོག མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་དགོས་ངེས་ཡིན། ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་སྒོ་འབྱེད་སྐུལ་འདེད་བྱེད་པའི་གོམ་སྟབས་མཚམས་འཇོག་བྱེད་མི་སྲིད་པ་དང་། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་མཚམས་འཇོག་བྱེད་མི་སྲིད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་མཚམས་འཇོག་བྱེད་མི་སྲིད་ཅེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་གིས་རེ་འཁོར་གསར་པའི་གོང་སྤེལ་ཆེན་མོ་དང་། འཕོ་འགྱུར་ཆེན་མོ། ལེགས་སྒྲིག་ཆེན་མོ་བཅས་བརྒྱུད་བཞིན་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཡིན། འཛམ་གླིང་དཔལ་འབྱོར་གྱི་གནས་སྟངས་ལ་འགྱུར་བ་གཏིང་ཟབ་འགྲོ་བའི་མདུན་དུ། རྒྱལ་ཁབ་ཁག་གིས་དེ་བས་ཆེ་བའི་བློ་སྟོབས་ཐོག་ནས། སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་ཀྱིས་ཐུན་མོང་གོང་འཕེལ་མངོན་གྱུར་ཡོང་བ་བྱ་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོའི་དཔལ་འབྱོར་འཕེལ་ཚུལ་སྤྱི་ཡོངས་ནས་བཤད་ན་བརྟན་པོར་ཡིན་པ་དང་བརྟན་པོའི་ཁྲོད་གོང་འཕེལ་འགྲོ་མུས་ཡོད། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གཏང་རྒྱུ་སྐྱོན་བྲལ་དང་བརྟན་པོ་ཡིན་པའི་གཞི་རྩའི་ཆ་ལ་འགྱུར་ལྡོག་བྱུང་མེད་པ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་འདེགས་སྐྱོར་བྱེད་པའི་ཐོན་སྐྱེད་གཞི་རྐྱེན་ལ་འགྱུར་བར་བྱུང་མེད་པ། ཡུན་རིང་བརྟན་པོའི་ཁྲོད་ཇེ་ལེགས་སུ་འགྲོ་བའི་སྤྱི་ཡོངས་འཕེལ་ཚུལ་ལ་འགྱུར་བ་བྱུང་མེད། ཀྲུང་གོར་དཔལ་འབྱོར་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་གོང་འཕེལ་གཏང་རྒྱུ་རྒྱུན་འཁྱོངས་བྱེད་པའི་བཟང་ཆ་མང་པོ་ཡོད་པ་དང་མདུན་སྐྱོད་ཁྲོད་དུ་འཕྲད་པའི་གནད་དོན་རྣམས་ང་ཚོས་བྱ་ཐབས་བཟུང་ནས་ཐག་གཅོད་ཧུར་ཐག་བྱེད་བཞིན་ཡོད། ང་ཚོས་འཐབ་ཇུས་གཏིང་ཤུགས་རྒྱུན་འཁྱོངས་དང་བཅོས་སྒྱུར་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་དུ་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་དུ་གཏོང་བ། ནུས་ཤུགས་ཆེན་པོས་ལྷགས་བསྡད་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱས་པ་ཡིན་ན། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་འགྲོ་བའི་འཁོར་ལམ་ཐོག་མགྱོགས་མྱུར་སླེབས་ངེས་ཡིན་པ་དང་ཀྲུང་གོའི་མི་དམངས་ནས་མདུན་སྐྱོད་འགྲོ་ལམ་ཐོག་གི་དཀའ་ངལ་དང་འགྲན་རྩོད་ཐམས་ཅད་ལས་རྣམ་པར་རྒྱལ་ཐུབ་པ་དང་། ཀྲུང་གོར་སྔར་བས་འོད་སྣང་ལྡན་པའི་གོང་འཕེལ་མདུན་ལམ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་ཧྲང་ཧེ་སོགས་ས་ཁུལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ཁྲོད་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱ་ཆེད་ང་ཚོས་ཀྲུང་གོའི་ཧྲང་ཧེའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཁུལ་གསར་ཞིག་ཁ་སྣོན་རྒྱག་རྒྱུ་དང་ཧྲང་ཧེའི་དངུལ་ལོར་ཉོ་ཚོང་ཁང་དུ་ཚན་རིག་གསར་གཏོད་པར་གཞི་གཏོད་རྒྱུ་མ་ཟད་ཚོད་ལྟའི་ཐོ་འགོད་ལམ་ལུགས་འཛུགས་རྒྱུ། འབྲི་ཆུའི་ཟུར་གསུམ་གླིང་གི་ས་ཁོངས་གཞི་གཅིག་ཅན་གོང་འཕེལ་གཏང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་སྤོར་བྱ་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་ཁྱབ་བསྒྲགས་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ནི་ཀྲུང་གོ་ཁོ་ནར་གཏོགས་པ་ཞིག་མིན་པར་རྒྱལ་ཁབ་ཁག་མཉམ་ལས་བྱེད་པ་ཞིག་ཡིན་པས་སྐུ་མགྲོན་རྣམ་པས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་ཀྱི་རིག་ལམ་གསར་པ་འཚོལ་ཞིབ་གཏིང་ཟབ་གནང་ནས་རང་མོས་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་མཉམ་དུ་སྲུང་སྐྱོང་བྱེད་པ་དང་གསར་སྐྲུན་ཁོག་ཡངས་ཀྱི་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱས་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུའི་དམིགས་འབེན་ཕྱོགས་སུ་འབད་འཐབ་བྱེད་པ་དང་མིའི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།
འགོ་ཚུགས་མཛད་སྒོའི་ཐོག །ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བ་ཁག་ཅིག་གིས་ཁག་སོ་སོར་ཤིས་ཚིག་ཕུལ་ཡོད་པ་དང་ཁོང་རྣམ་པས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ཆེན་པོར་བསྔགས་བརྗོད་གནང་ཞིང་ཀྲུང་གོའི་དཔལ་འབྱོར་ལ་སྔར་བས་འོད་སྣང་ལྡན་པའི་མདུན་ལམ་ཡོང་རྒྱུའི་ངོས་འཛིན་གནང་ཡོད་པ་རེད། ཁོང་རྣམ་པས་ནང་འདྲེན་དངོས་མང་འགྲེམས་ཚོགས་གཉེར་བའི་ཐོག་ནས་ཀྲུང་གོས་སྒོ་འབྱེད་སྔར་བས་རྒྱ་ཆེར་གཏང་རྒྱུ་དང་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་ལྷག་བསམ་མངོན་ཡོད་པས་འཛམ་གླིང་ལ་གོང་འཕེལ་གོ་སྐབས་སྔར་ལས་མང་བ་བསྐྲུན་རྒྱུ་ཡིན་ལ་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུར་ཕན་པའང་ཡོད། ཕྱོགས་ཁག་གིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་དེ་གོ་སྐབས་སུ་བརྩིས་ནས་ཀྲུང་གོ་དང་ཕྱོགས་གཉིས་ཉོ་ཚོང་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་བསྐྲུན་བྱ་ཆེད་འབད་བརྩོན་བྱ་རྒྱུ་ཡིན་པའི་རྣམ་པ་བསྟན་ཡོད་པ་རེད། །
11月5日 首届中国国际进口博览会5日在上海开幕。国家主席习近平出席开幕式并发表题为《共建创新包容的开放型世界经济》的主旨演讲,强调回顾历史,开放合作是增强国际经贸活力的重要动力;立足当今,开放合作是推动世界经济稳定复苏的现实要求;放眼未来,开放合作是促进人类社会不断进步的时代要求。各国都应该积极推动开放合作,实现共同发展,开创人类更加美好的未来。中国推动更高水平开放的脚步不会停滞,推动建设开放型世界经济的脚步不会停滞,推动构建人类命运共同体的脚步不会停滞。