བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་1950ལོ་ནས་1958ལོའི་བར་པར་ཁང་གི་ལས་ཀར་སྔར་བཞིན་འགྱུར་བ་ཆེར་མ་བྱུང་། 1959ལོ་ནས་བཟུང་པར་བརྐོ་འདེབས་བྱ་རྒྱུ་མཚམས་བཞག་སྟེ་རྟེན་དང་བརྟེན་པར་སྲུང་སྐྱོང་བྱ་བའི་ཆེད་པར་ཤིང་སོགས་རིག་དངོས་ཡོད་ཚད་ཡིག་ཐོག་ཏུ་བཀོད། 1959ལོའི་སྤྱི་ཟླ་དང་པོར་སྡེ་དགེ་རྫོང་མཉམ་འབྲེལ་བོད་སྨན་ནད་བཅོས་ཁང་ཞེས་པ་ཞིག་བཙུགས་ནས་པར་ཁང་དུ་ནད་བཅོས་བྱ་སའི་གནས་སྐབས་ཀྱི་སྨན་ཁང་བྱ་རྒྱུ་དང་ཞོར་དུ་པར་ཁང་སྲུང་སྐྱོབ་བྱ་རྒྱུ་གཏན་འཁེལ་བྱས། དེ་ནས་རྒྱལ་ནང་དུ་"རིག་གསར་"ཞེས་པའི་ལས་འགུལ་སྤེལ་ཏེ། རིག་དངོས་ལ་གཏོར་འཕྲོག་བསྲེག་བཅག་སོགས་ཚད་མི་འདྲ་བའི་གནོད་སྐྱོན་ཚབས་ཆེན་ཐེབས་སྐབས། སྡེ་དགེ་པར་ཁང་ལའང་ཁང་སྟེང་དུ་རྩྭ་ལྡུམ་བོང་ནག་དང་མཁན་ནག་ལྕམ་པ་སོགས་བྱ་བྱེའུ་ནུབ་ངེས་སྐྱེས་པ་དང་། ཀ་བ་དང་གདུང་མ་ལྕམ་ཤིང་གི་བར་དུ་བྱ་བྱེའུས་ཚང་བཅས་པ། ཆར་པ་ཕྱི་ལ་འབབ་ཚད་ནང་དུ་ཟགས་ནས་བཀའ་འགྱུར་ཁང་དང་། རཏྣ་ཁང་བཅས་ཀྱི་པར་ཁྲི་ཆུར་ནུབ་ལ་ཉེ་བའི་སྐབས་སུ། མཉམ་ལས་ཁང་གི་ཞོར་ལས་ཐོན་སྐྱེད་ཡོང་སྒོ་ལ་སེམས་ཁུར་བྱེད་མཁན་གྱི་ལས་བྱེད་པ་ལ་ལས་པར་ཤིང་སོལ་བར་སྲེག་གྲབས་བྱས་པ་དང་། “གྱེན་ལོག་ཕྱོགས་ཁག་”གིས་པར་ཁང“རྙིང་པ་བཞིའི”གྲས་སུ་བརྩིས་ཏེ་མེར་སྲེག་གྲབས་བྱེད་པའི་ཉེན་ཁ་ཚབས་ཆེན་བྱུང་ལ་ཉེ་བའི་སྐབས་སུ། ཉེར་སྐོར་གྱི་ཆོས་དད་མང་ཚོགས་ཀྱིས་པར་ཤིང་རྩ་ཆེན་ཁག་གཅིག་ར་ཆེན་སྒང་ལ་སྐུང་པ་སོགས་བློ་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཉིན་མཚན་སྦྲེལ་ཏེ་པར་ཁང་སྲུང་སྐྱོབ་བྱས་ལ། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་ད་བར་ལུས་ཐུབ་ཡོད་པ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ངར་ཤུགས་ཆེར་བསྐྱེད་ལ་རགས་ལས་པའོ། །
ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཐོག་མ་ཀྲོའོ་ཕུའུ་ཁྲུན་གྱི་ཕྱག་བྲིས།
1978ལོའི་ལོ་མཇུག་ཏུ་མཉམ་འབྲེལ་སྨན་བཅོས་ཁང་དེ་པར་ཁང་ནས་ཕྱིར་སྤོ་རྒྱུ་བྱས། ཕྱི་ལོའི་ཟླ་བ་5པར་པར་ཁང་གི་མིང་སྡེ་དགེ་རྫོང་རིག་དངོས་བདག་གཉེར་ཁང་ཞེས་གསར་པ་བཏགས་ཤིང་། རྫོང་རིག་སློབ་ཅུས་ཀྱིས་ཐད་ཀའི་འགོ་ཁྲིད་འོག་ལས་བྱེད་པ་བཅུ་ཡོད་པའི་སྒྲིག་གཞི་ཞིག་བཙུགས་ཏེ་པར་ཁང་བདག་གཉེར་བྱས་པ་དང་། པར་འཐོར་བརླག་སོང་བ་རྣམས་ཁ་སྐོང་བསྡུ་རུབ་བྱས་པ་དང་དགོས་མཁོ་དང་བསྟུན་ནས་པར་བརྐོ་འདེབས་བྱ་རྒྱུའི་འགོ་ཚུགས།
1985ལོའི་སྤྱི་ཟླ་11པར་འབྲེལ་ཡོད་ཀྱི་ཡིག་ཆའི་དགོངས་དོན་ལ་བརྟེན་ཏེ་པར་ཁང་སྡེ་དགེ་རྫོང་ཆོས་ལུགས་ཅུས་ཀྱི་འགོ་ཁྲིད་དང་དོ་དམ་བྱ་རྒྱུ་གཏན་འབེབས་བྱས་ཤིང་། སྔོན་གྱི་མིང་དེ་སྡེ་དགེ་པར་ཁང་རིག་དངོས་བདག་གཉེར་ཁང་ཞེས་པར་བསྒྱུར། དེ་ལོར་སྡེ་དགེ་རྫོང་གི་ནོར་སྲིད་ཡོང་སྒོ་ནས་སྒོར་ཁྲི་བཞི་བཅུ་ཞེ་གཅིག་གནང་ནས་པར་ཁང་གི་མདུན་ངོས་ཀྱི་ཐང་དུ་གཞུང་ལས་ཁང་དང་། མགྲོན་ཁང་། གཉེར་ཁང་། ཚོགས་ཁང་། སྨན་ཁང་བཅས་ཡོད་པའི་ཕྱོགས་བསྡུས་ཀྱི་ཁང་བརྩེགས་ཤིག་གསར་དུ་བསྐྲུན།
དེ་ནས་ཁམས་ཕྱོགས་སུ་རིན་ཆེན་རིགས་ཀྱི་སྨན་ཆེན་བསྡུ་སྦྱོར་གྱི་རྒྱུན་ཆད་ལ་ཉེ་བའི་སྐབས་ཏེ། 1985ལོར་སྡེ་དགེ་པར་ཁང་གིས་བོད་ལྗོངས་སྨན་རྩིས་ཁང་གིས་ངེས་པ་དོན་གྱི་སྨན་པ་ཁྲོ་རུ་ཚེ་རྣམ་ལགས་ཆེད་དུ་གདན་འདྲེན་ཞུས་ནས། གྲང་སྦྱོར་རི་ནག་ཆེན་མོ་དང་། རཏྣ་བསམ་འཕེལ། རིན་ཆེན་མང་སྦྱོར་སོགས་བསྡུ་སྦྱོར་བྱས།
1986ལོའི་ཟླ་བ་8་པའི་ཚེས་27ནས་ཟླ་བ་9པའི་ཚེས་འགོའི་བར་པཎ་ཆེན་རིན་པོ་ཆེ་སྡེ་དགེར་མི་རིགས་ལས་ཀ་གཟིགས་ཞིབ་ཕེབས་སྐབས་སྡེ་དགེ་པར་ཁང་གི་ཁོངས་གཏོགས་སྨན་ཁང་ཆུང་ངུ་ཞིག་འཛུགས་ཆོག་རྒྱུ་དང་། རྒྱུན་ཆད་ལ་ཉེ་བའི་སྨན་རིགས་བསྡུ་སྦྱོར་ཆོག་རྒྱུ་ཆོག་མཆན་ཐོབ་ཐབས་སྙན་ཞུ་ཕུལ་བར་ལོ་མཇུག་ཏུ་འབྲེལ་ཡོད་སྲིད་གཞུང་ནས་ཆོག་མཆན་ཐོབ་སྟེ་སྡེ་དགེ་པར་ཁང་གི་ཁོངས་གཏོགས་སུ་པར་ཁང་བོད་སྨན་ཁང་ཞེས་བཙུགས།
དེ་ནས་སྡེ་དགེ་པར་ཁང་ཞིག་གསོ་མི་བྱེད་ཀ་མེད་བྱུང་སྟེ། ལ་ལས་པར་ཁང་རྙིང་པ་བཤིགས་ནས་གསར་པ་ལས་དགོས་རྒྱུ་དང་། ལ་ལས་རྙིང་པ་དེ་ཉམས་གསོ་བྱེད་པ་ལས་བཤིག་མི་རུང་བའི་བསམ་ཚུལ་འདྲ་མིན་གཉིས་བྱུང་སྐབས། དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས། སྐབས་དེའི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མཁྱེན་རབ་ལགས་སྔོན་དམངས་གཙོ་བཅོས་སྒྱུར་དང་བཞི་རྒོལ་འགུལ་སྤྱོད་སྐབས་སུ་སྡེ་དགེ་ལ་ཧྲུའུ་ཅིའི་འགན་བཞེས་མྱངས་པས་སྡེ་དགེའི་མི་དམངས་དང་འབྲེལ་འདྲིས་དམ་པོ་ཡོད་པ་དང་། པར་ཁང་ལའང་ཆ་རྒྱུས་ཡོད་པར་རྒྱུ་མཚན་བྱས་ནས། མཁྱེན་རབ་ཀྱིས་སྣེ་ཁྲིད་པའི་ཆེད་མངགས་ལས་སྒྲུབ་རུ་ཁག་སྡེ་དགེ་ལ་བཏང་བ་ལྟར། ལས་སྒྲུབ་རུ་ཁག་གིས་འབྲེལ་ཡོད་མི་སྣའི་བསམ་ཚུལ་དང་། ལས་གཞི་དངོས་ལ་བརྟགས་དཔྱད་བྱས་མཐར་རྙིང་པ་ཉམས་གསོ་བྱ་རྒྱུ་དང་། ཨར་ལས་ཀྱི་འགན་ཁུར་བ་སྤྲུལ་སྐུ་ཐུབ་བསྟན་ཚེ་རིང་། ཤིང་མཁན་གཙོ་བོ་ཨ་མྱེ་སྤྱང་སྤྱང་དང་། དགའ་སྡེ་གཉིས་བསྐོ་བཞག་བྱས།
ལོ་རབས་བརྒྱད་ཅུ་པར་རྒྱལ་ཁབ་ཀྱིས་སྒོར་ཁྲི་ཉིས་བརྒྱ་ཞེ་ལྔ་པར་ཁང་ཉམས་གསོ་བྱེད་ཡས་སུ་སྤྲད་པ་དང་སྡེ་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གལ་ཆེའི་དོན་ཆེན་ཞིག་ཏུ་བརྩིས་ནས་སྔོན་རྗེས་སུ་ཉམས་གསོ་བྱ་ཚུལ་སྐོར་གྱི་འཆར་ཟིན་ལ་གྲོས་བསྡུར་ཞིབ་འཇུག་ཐེངས་གྲངས་བྱས་ནས་1989ལོར་པར་ཁང་ཉམས་གསོ་བྱེད་མཁན་གྱི་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ་དངོས་སུ་ལས་འགོ་བཙུགས་པ་རེད།
སྡེ་དགེའི་པར་ཁང་དེ་གནའ་རབས་རིག་གནས་ཀྱི་ཁྱད་ཆོས་དང་ད་ལྟའི་དེང་རབས་ཀྱི་ཁྱད་ཆོས་དངོས་མཚོན་ཐུབ་པ་བྱེད་ཆེད་སྔོན་གྱི་གྱང་རྐང་སྦུ་དཀྲིས་ཀྱིས་སྦག་སྐྱོར་བྱས་ནས་སྲ་བརྟན་དང་།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྡེ་དགེ་པར་ཁང་དུ་ཕེབས་ནས་པར་ཤིང་ལ་གཟིགས་བཞིན་པ།
སྔོན་ཅུང་རུལ་བ་སོགས་ཀྱི་ཀ་གདུང་དང་སྒོ་རབ་གསལ་སོགས་གསར་དུ་བརྗེ་བྱེད་ཤིང་ཆ་སྨི་རྒྱ་དཔངས་གྲུ་བཞི་མ་སུམ་སྟོང་ཉིས་བརྒྱ་ལྷག་སྤྱད་པ་དེ་སྔོན་གྱི་ཤིང་ཆའི་ལྡབ་གསུམ་ཡིན་པ་རེད། ཀ་གདུང་ཚང་མ་སྔོན་ལས་སྤུས་ཀ་མཐོ་བ་དང་སྒོ་རབ་གསལ་སོགས་ཀྱི་བརྐོས་རིས་ཚང་མ་སྔོན་མ་ལས་ཀྱང་ཞིབ་ཚགས་ཆེ་བ། ནང་གི་རིན་ཐང་བྲལ་བའི་ལྡེབས་རིས་དང་སྐུ་བརྙན་སོགས་ཉམས་རྒུད་ཅུང་ཙམ་ཡང་མི་ཐེབས་པར་བྱས་ཡོད། ཀ་གདུང་ཚང་མ་ལ་ཚོན་རྩི་བཏང་བ་དང་སྟེང་འོག་ཁང་པ་ཚང་མར་ཤིང་གཅལ་སྒྲིག་པ་དང་། བཀའ་བསྟན་ཁང་དང་རྒྱུད་སྡེ་ཁང་སོགས་ཀྱི་པར་ཁྲི་ཚང་མ་གསར་བཟོ་བྱས། ས་འོག་ཏུ་ཇི་སྲིད་བར་སྤྱོད་ཆོག་པའི་ཆུ་ལམ་བཟོས་པ་དང་། སྒོ་ཆེན་དེ་དབུས་སུ་སྤོས་པ་དང་སྤེན་རྒྱན་ཇེ་མཐོ་བཏང་བས་མ་ཚད་ནང་གི་སྐུ་གསུང་ཐུགས་བརྟེན་ལ་གསེར་སྤྱོད་སྒོ་ཧ་ཅང་ཆེ་སྟབས་པར་ཁང་རང་གི་མི་སུམ་ཅུ་ཙམ་སྒྲིག་འཛུགས་བྱས་ཏེ་དཔལ་ཡུལ་དུ་གསེར་བརྐོ་སར་མངགས་པ་དང་མི་སྒེར་ཁ་ཤས་ཀྱིས་ཞལ་འདེབས་ཕུལ་བ། རྒྱལ་ཁབ་ཀྱི་དངུལ་ཁང་བཅས་ནས་གསེར་ཉོས་པ་བཅས་བསྡོམས་པས་གསེར་ཁེ་ཉིས་སྟོང་ལྔ་བརྒྱ་རེ་བདུན་ལྷག་སྤྱོད་ཡོད་པ་རེད།
སྲ་བརྟན་བྱས་ཟིན་པའི་པར་ཁང་དེ་ཕྱི་ནང་གི་སྤུས་ཀ་བཟང་ལ་ལུགས་དང་མཐུན་པ། བལྟས་ན་ཡིད་འཕྲོག་པ་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་བཟོ་རྩལ་དངོས་མངོན་ཐུབ་པ་ཞིག་ཏུ་གྱུར་ཡོད་ཅིང་། ཆོས་དད་མང་ཚོགས་ཀྱི་རྒན་གཞོན་སེར་སྐྱ་ཚང་མས་ཇི་སྲིད་བར་དུ་གནས་ཐུབ་ཅིང་། བློ་བདེ་ཆོག་པ་རེད་འདུག་ཅེས་པའི་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་ཕུལ་བ་རེད།
1991ལོའི་ཟླ་བ་10པའི་ཚེས1ཉིན་སྡེ་དགེ་རྫོང་གིས་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་སྲ་བརྟན་ཉམས་གསོའི་ལས་ཀ་ལེགས་འགྲུབ་བྱུང་བའི་མཛད་སྒོ་སྤེལ། སྐབས་དེའི་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡངས་གླིང་རྡོ་རྗེ་དང་སྔོན་གྱི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མཁྱེན་རབ། རྫོང་ཨུའི་ཧྲུའུ་ཅི་བློ་གྲོས་རྒྱལ་མཚན་སོགས་ཀྱིས་གསུང་བཤད་གནང་། སྐབས་དེའི་ཞིང་ཆེན་སྲིད་གྲོས་ཀྱི་ལས་བྱེད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་སྡེ་དགེའི་སྲས་ཨུ་དགའ་ཡང་མཛད་སྒོའི་ཐོག་ཕེབས།
1998ལོ་ནས་བཟུང་པར་ཁང་དེ་ཉིད་དུ་བཞུགས་སུ་གསོལ་བའི་བཀའ་བསྟན་འགྱུར་དང་། གསུང་འབུམ། ཕྱོགས་བསྒྲིགས་བཅས་སྡེ་དགེ་པར་ཁང་ཆོས་མཛོད་བཀྲ་ཤིས་སྒོ་མང་གི་དཀར་ཆག་ཞིབ་རྒྱས་སུ་བཀོད་པ་ཤེས་བྱའི་སྒོ་འཕར་ཡངས་པོ་འབྱེད་པའི་གསེར་གྱི་ལྡེའུ་མིག་ཅེས་བྱ་བ་ཞིག་གསར་བསྒྲིགས་བྱས་ཡོད་ཅིང་། དེང་གསུང་འབུམ་དང་ཕྱོགས་བསྒྲིགས་སྐོར་གྱི་དཀར་ཆག་དེབ་བརྒྱད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་བསྐྲུན་བྱས་ཡོད། དེ་མིན་ཆོས་ཚན་དཀར་ཆག་བོད་རྒྱ་ཤན་སྦྱར་དང་། ལྷ་པར་དཔེ་རིས་གསལ་བཤད་ཅན་བཅས་གསར་དུ་བསྒྲིགས་ཏེ་དཔེ་སྐྲུན་བྱས་ཡོད།
བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་སྡེ་དགེའི་པར་ཁང་གི་འགན་ཁུར་བ་དག་གིས་མཐོང་ཆེན་འོག་ན་སྔ་རྗེས་སུ་རིན་ཆེན་གཏེར་མཛོད་གཙོས་པའི་པར་ཤར་ཁྲི་བཅུ་ལྷག་གསར་བརྐོས་བྱས་པ་དང་། བཀའ་འགྱུར་དང་། རྙིང་མ་རྒྱུད་འབུམ། བརྒྱད་སྟོང་སུམ་ཕབ་སོགས་ཀྱི་པར་གཞི་ཟད་ཤས་ཆེ་ལ་དགོས་མཁོ་ཡང་ཆེ་བའི་རིགས་རྣམས་ཆ་ཚང་བསྐྱར་བརྐོས་བྱས་པ་དང་། པར་ཤར་ཆད་འཐོར་སོང་བ་དང་བྱི་བས་ཟོས་པ་སོགས་གནོད་སྐྱོན་ཐེབས་གྲགས་པའི་པར་ཤར་རིགས་རྣམས་སྣོན་བརྐོས་བྱས་པ་བཅས་ཆོས་མཛོད་ཆེན་མོ་འདི་ཉིད་རིམ་བཞིན་གཞི་ཁྱོན་ཇེ་ཆེ་དང་། པར་བརྐོ་འདེགས་ཀྱི་ལག་རྩལ་ཇེ་ལེགས། ལྷ་པར་སོགས་རྣམ་གྲངས་ཇེ་མང་། ཕྱི་རྒྱ་ནང་ཚགས་སོགས་ཕུན་སུམ་ཇེ་ཚོགས་སུ་གྱུར་སྟེ་དེང་པར་ཤར་གསར་རྙིང་ཁྱོན་བསྡོམས་ཁྲི་སོ་གཉིས་ཙམ་བཞུགས་སུ་གསོལ།
གཞན་སྔོན་རྗེས་སུ་གཙུག་ལག་ཁང་དུ་རྟེན་གསུམ་གསར་བཞེངས་དང་། ལོགས་རིས་ཞིག་གསོས། འདྲ་སྐུར་གསེར་ཞལ་གསོལ་བ་སོགས་མཛད་རྗེས་བླ་ན་མེད་པ་བཞག་ཡོད།
2018ལོའི་སྤྱི་ཟླ་7པའི་ཚེས་8ཉིན། སྡེ་དགེ་པར་ཁང་གི་པར་ཤིང་རྙིང་གྲས་ལོ་གསུམ་གྱི་རྗེས་ནས་དཔར་མཚམས་འཇོག་རྒྱུའི་དྲིལ་བསྒྲགས་དང་ངོ་སྤྲོད་མཛད་སྒོ་སྡེ་དགེ་རུ་སྤེལ། སྡེ་དགེ་པར་ཁང་ནང་ཉར་ཚགས་བྱས་པའི་རྩ་ཆེའི་པར་ཤིང་རྙིང་པ228438དང་། ལྷ་པར་རྙིང་པ376ནི་བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་རྟེན་གཞི་གལ་ཆེན་ཡིན་པ་དང་། ལོ་རྒྱུས་ཀྱི་རྩ་ཆེའི་རིག་གནས་ཤུལ་བཞག་ཀྱང་ཡིན་པས་སྡེ་དགེ་རྫོང་གིས་པར་ཁང་གི་རིག་དངོས་རྩ་ཆེན་སྲུང་སྐྱོང་བྱེད་པར་དམིགས་ཏེ། རིག་དངོས་དོ་དམ་བྱ་རྒྱུའི་འབྲེལ་ཡོད་གཏན་འབེབས་དང་ཟུང་འབྲེལ་བྱས་ནས་ལོ་གསུམ་འགོར་རྗེས་པར་ཁང་ཡོངས་ཀྱིས་པར་ཤིང་རྙིང་པ་ཉར་ཚགས་དང་སྲུང་སྐྱོང་བྱ་རྒྱུའི་ཐག་བཅད་པར་མ་ཟད། སྡེ་དགེ་པར་ཁང་གི་པར་ཤིང་རྙིང་པ་རྣམས་ལོ་གསུམ་གྱི་རྗེས་སུ་པར་འདེབས་མཚམས་འཇོག་བྱ་རྒྱུའི་ཐག་བཅད་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྡེ་དགེར་ཕེབས་ནས་པར་ཁང་ལ་རབ་གནས་མཛད་བཞིན་པ།
德格和平解放后,德格印经院古建筑和库藏印版作为文物得到保护。改革开放后,古老的德格印经院获得了新生,在各级党委、政府的高度重视下,各项投入不断加大,古建筑得到修复,各种文物获得了有效保护。1986年8月27日,全国人大常务委员会副委员长、十世班禅额尔德尼却吉坚赞亲临德格印经院,对德格印经院的雕版印刷术传承和保护,整理、编篆藏版目录等工作作出重要指示,并亲笔题写“德格巴康曲昨钦莫扎西郭孟(德格印经院大法库吉祥多门)的院名。
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་སུམ་ཕབ།
迄今为止,德格印经院共收藏有200年以上历史的古旧藏版共22万余块,其中雕刻印版年限最长的为1704年刻版。目前,该院的稀世孤本、珍本、范本印版均全部进入收藏保护状态,不在使用。而对于传承性强和社会需求的印版实施复刻,如2017年,完成了《三合璧般若波罗蜜多经八千颂》《旧译十万续》《甘珠尔》复刻版本等。
为保护和传承德格印经院的古印板,德格县从2018年起,将利用3年左右的时间,实行最后的限量保护性绝版印刷,之后古印板将全部封存保护,仅供参观、科研、文学研究。这标志着今后3年时间里的限量保护性绝版手工印刷品的收藏价值将极大的提升。
པར་ཁང་གི་ཐོག་བརྩེགས་གསུམ་པའི་རི་མོའི་པར་ཤིང་།