སྟོན་བསྡུ་ལ་ཉེ་བའི་སྐབས་འདིར་འབྲུ་ལེགས་པར་བསྡུ་ཕྱིར། ཉེ་ལམ་མཛོད་དགེ་རྫོང་ཨ་སྐྱིད་རོང་ཡུལ་ཚོའི་རྒྱ་ཉིན་སྡེ་བས་མཉམ་འབྲེལ་སྟོན་བསྡུ་འཕྲུལ་ཆས་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ། གསར་དུ་ཉོས་པའི་སྟོན་བསྡུ་འཕྲུལ་ཆས་4ཡི་བེད་སྤྱོད་བྱེད་སྟངས་གསལ་བོར་ཁྲིད་པ་མ་ཟད། ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་ཏེ་སྟོན་བསྡུ་དུས་ལྟར་འགྲུབ་པར་འགན་བླངས་ཤིང་། ཡུལ་ཚོ་དེའི་སྟོན་བསྡུ་འཕྲུལ་ཆས་སྐོར་མཁན་མི་18གསོ་སྦྱོང་དུ་ཞུགས་སུ་བཅུག
གསོ་སྦྱོང་འཛིན་གྲྭས་རྫོང་ཞིང་ཕྱུགས་ཆུ་དོན་ཅུས་དང་སྟོན་བསྡུ་འཕྲུལ་ཆས་ཀུང་སིའི་ལག་རྩལ་བ་གདན་དྲངས་ཏེ་སློབ་ཁྲིད་བྱེད་དུ་བཅུག ཡུལ་དངོས་ནས་འགྲེལ་བཤད་དང་སྦྱོང་བརྡར་ཟུང་འབྲེལ་བྱས་ཏེ་སློབ་གླིང་གི་དགེ་རྒན་ཆེན་མོའི་སློབ་ཁྲིད་ལ་ཉན་པར་མ་ཟད།ཡུལ་དངོས་ནས་འབྲེལ་ཡོད་དོགས་གནད་ལེགས་པར་བསལ་བས། ཚང་མའི་ཞིང་ལས་འཕྲུལ་ཆས་ཀྱི་ཤེས་བྱ་རྟོགས་ཚད་ཆེ་རུ་གྱུར། གསོ་སྦྱོང་གི་ཡུལ་དངོས་ནས་རྫོང་ཞིང་ཕྱུགས་ཆུ་དོན་ཅུས་ཀྱི་ལས་མིས་ད་དུང་གསོ་ཞུགས་མཁན་དག་ལ་འདྲུད་འཐེན་འཁོར་ལོའི་བདེ་འཇགས་ལག་དེབ་བྱིན།