སྤྱི་བདེ་པུས་གཅིག་གྱུར་བཀོད་འདོམས་དང་བཀོད་སྒྲིག་བྱས་རྗེས། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ལ་ཧོ་ནན་དང་། ཧྲན་ཞི། ཀྲེ་ཅང་། ཡུན་ནན་སོགས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཞོགས་འདེགས་བྱས་པར་བརྟེན། ཉེ་ཆར་དུར་ལམ་རྫོང་གི་གནའ་བོའི་རིག་གནས་རྗེས་ཤུལ་དང་གནའ་བོའི་བང་སོ་རྐུ་བསྔོགས་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་ནས། རྐུ་བསྔོགས་བྱེད་མཁན་དང་། རྒྱབ་ཀྱི་མ་དངུལ་འདོན་མཁན། བརྐུས་རྫས་བཙོང་བར་འབྲེལ་གཏུག་བྱེད་མཁན། རིག་དངོས་ལྐོག་ཚོང་བྱེད་མཁན་སོགས་ཉེས་བསགས་དོགས་ཅན་26འཛིན་བཟུང་བྱས་ནས། བརྐུས་པའི་རིག་དངོས་646ཚུར་ལོན་པ་དང་། རིག་དངོས་ཉེས་གསོག་ལ་ཁྱོན་ཡོངས་ནས་རྡུང་རྡེག་བཏང་ཡོད། འདི་ནི་རྒྱལ་ཡོངས་ཀྱི་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱེད་སྒོར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་རེད།