མི་ལོ་བཞི་བཅུའི་འགྱུར་ལྡོག་གློག་ལས་མྱུར་། སི་ཁྲོན་བོད་ཁུལ་འགྲིམ་འགྲུལ་འཕེལ་རྒྱས་མགྱོགས།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-03


      

          བགྲང་བྱ་64ཡི་ཡར་སྔོན་དུ། ལམ་སྐྲུན་བཟོ་པས་གཅེས་པའི་ཚེ་སྲོག་དང་ཟུངས་ཁྲག་གིས་འཛམ་གླིང་ཡང་རྩེ་རུ་བོད་ལྗོངས་དང་ནང་ལོག་གཉིས་ཟུང་དུ་སྦྲེལ་བའི་ཟུངས་ཁྲག་གི་རྒྱུད་ལམ་སྟེ་ཁྲོད་བོད་གཞུང་བསྐྲུན་པས། བོད་ཁུལ་དུ་དེང་རབས་ཀྱི་གཞུང་ལམ་མེད་པའི་ལོ་རྒྱུས་ཀྱི་མཇུག་རྫོགས་པ་རེད།

        བགྲང་བྱ་60ལྷག་གི་ཡར་སྔོན་དུ་དཀའ་སྤྱད་འབད་འཐབ་ཀྱིས་བསྐྲུན་པའི་ཁྲོན་བོད་གཞུང་ལམ་དེས། སི་ཁྲོན་ནས་བོད་ལྗོངས་སུ་སྐྱོད་པའི་སྒོ་མོ་ཕྱེས། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40རིང་། ཁྲོད་བོད་གཞུང་ལམ་ནས་མགོ་བརྩམས་ཏེ། དེང་དུས་སི་ཁྲོན་བོད་ཁུལ་གྱི་འགྲིམ་འགྲུལ་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ངོ་མཚར་ལྡན་པའི་མཁའ་ལམ་གྱིས་བོད་ཁུལ་མང་ཚོགས་ཁྲི་མ་འབུམ་གྱི་འཚོ་བ་ལ་འགྱུར་ལྡོག་གཏོང་བཞིན་ཡོད་ལ། འཕྲེད་ལྟར་བསྣོལ་བའི་སི་ཁྲོན་བོད་ཁུལ་གྱི་བར་སྣང་འགྲིམ་འགྲུལ་དྲ་བ་ད་ལྟར་མགྱོགས་མྱུར་ངང་སྐྲུན་བཞིན་ཡོད། ཕྱོགས་བསྡུས་འགྲིམ་འགྲུལ་དང་སྤྱང་གྲུང་འགྲིམ་འགྲུལ། ལྗང་མདོག་འགྲིམ་འགྲུལ། བདེ་འཇགས་འགྲིམ་འགྲུལ་སྐྲུན་པ་དང་། བདེ་འཇགས་མགྱོགས་མྱུར་ངང་བགྲོད་ཐུབ་པའི་དེང་རབས་ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་བསྐྲུན་པར་དམིགས་ནས། ཁེར་རྐྱང་གི་རྒྱ་ལམ་སྐྱེལ་འདྲེན་ལས་མཁའ་ལམ་དང་ལྕགས་ལམ། གཞུང་ལམ་ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་ཏུ་བསྒྱུར་བཞིན་ཡོད། སི་ཁྲོན་ནུབ་བྱང་ས་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་འཛུགས་སྐྲུན་གྱི་དམིགས་ཡུལ་ལ་ཁ་གཏད་ནས། འགྲིམ་འགྲུལ་གྱི་རྣམས་གྲངས་གལ་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ལྕགས་ལམ་དང་གཞུང་ལམ། མཁའ་ལམ་སོགས་རྣམ་པ་སྣ་ཚོགས་ལས་གྲུབ་པའི་ཕྱོགས་བསྡུས་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་གྲུབ་ནས། མཐོ་སྒང་གི་གྲོག་རོང་དེ་བདེ་ཐང་གི་གཞུང་ལམ་དུ་མངོན་འགྱུར་བྱུང་ཡོད།


        མིག་སྔར། སི་ཁྲོན་བོད་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་འགག་རྩའི་ཚོད་འཛིན་དང་འགལ་བ་ལ་ཐག་གཅོད་མངོན་གསལ་ཐོན་ཞིང་། 2020ལོར་སླེབས་དུས། སི་ཁྲོན་བོད་ཁུལ་གྱི་ཁུལ་རིམ་པའི་གྲོང་ཁྱེར་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་མངོན་འགྱུར་བྱ་རྒྱུ་དང་། རྫོང་སོ་སོ་ལ་མ་མཐའ་ཡང་ལག་རྩལ་གྱི་རིམ་པ་ཚད་རིམ་གསུམ་ཡན་དུ་སླེབས་པའི་གཞུང་ལམ་གྱི་འགྲོ་འོང་བགྲོད་ལམ་གཉིས་རེ་ཡོད་པ་དང་། ཆ་རྐྱེན་ཚང་བའི་ཡུལ་ཤོག་དང་གྲོང་རྡལ། སྒྲིག་ཚུད་གྲོང་ཚོ་ལ་སྣུམ་ལམ་ཡོད་པར་མངོན་འགྱུར་བྱ་དགོས། སྐབས་དེར། སི་ཁྲོན་བོད་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་གཞི་རྩའི་ཐོག་འཐུས་ཚང་དུ་གྱུར་པ་དང་། གཞུང་ལམ་གྱི་ཤར་གཏོང་ཞབས་ཞུའི་ཆུ་ཚད་ཆེས་ཆེར་འཕར་ཞིང་། གཞི་རྩའི་ཐོག་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རེ་བ་སྐོང་ཐུབ།


        2018 ལོ་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་40 འཁོར་བའི་ལོ་ཡིན་ཞིང་། བཅོས་བསྒྱུར་སྒོ་འབྱེད་བྱས་པ་དེས་རང་རྒྱལ་འཕེལ་རྒྱས་དང་འགྱུར་ལྡོག་ཡོང་བར་སྒུལ་ཤུགས་ཆེན་པོ་བསྩལ། མི་དམངས་ཀྱི་དངོས་པོའི་རིག་གནས་ཀྱི་འཚོ་བ་དང་སྤྱི་ཚོགས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། དེས་གསོན་ཉམས་ལྡན་པའི་ངང་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་སི་ཁྲོན་བོད་རིགས་ས་ཁུལ་གྱི་འགྲིམ་འགྲུལ་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་པ་ཟིན་ཐོར་བྲིས། ཐེངས་འདིར་ཁ་བཏགས་དཀར་པོ་དུས་དེབ་ཀྱིས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བར་དམིགས་བསལ་ཇུས་འགོད་བྱས་ནས། ལོ་40ཡི་འཕོ་འགྱུར་ཆེན་མོའི་ཁྲོད་ཀྱི་སི་ཁྲོན་བོད་རིགས་ས་ཁུལ་གྱི་འགྲིམ་འགྲུལ་གྱི་འཕོ་འགྱུར་ཆེན་པོ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1