དམངས་ཀྱི་བདེ་སྡུག་གཙིགས་སུ་འཛིན་། བརྩེ་བའི་དྲོད་ཁོལ་དམངས་ལ་སྦྱིན་། སྡེ་དགེ་རྫོང་ལྕང་ར་གྲོང་རྡལ་གཡུ་ཐོག་གྲོང་སྡེའི་ཧྲུའུ་ཅི་དང་པོ་པད་མ་རིག་འཛིན་གྱི་གནས་ཚུལ་ཆེད་བཀོད།
ངེད་གསར་འགོད་པ་སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05
ད་ལོ་རང་ལོ་22ཡིན་པའི་པད་མ་རིག་འཛིན་གྱི་ཕ་ཡུལ་ནི་སེར་ཤུལ་རྫོང་གི་ལོ་ཕྱུག་གྲོང་སྡེ་ཡིན་ལ། 2009ལོར་9+3སློབ་གྲྭར་སོང་བ་དང་2011ལོའི་ཟླ་12པའི་ནང་ཁྲེན་ཏུའུ་རུ་དམག་གི་སློབ་གྲྭའི་ནང་དུ་ཞུགས། 2013ལོའི་ཟླ་12པར་དམག་གི་སློབ་གྲྭ་ནས་མཐར་ཕྱིན་རྗེས། 2014ལོའི་ཟླ་4པར་སྡེ་དགེ་རྫོང་གི་ལྕང་ར་གྲོང་རྡལ་དུ་ལས་ཀར་ཞུགས། 2015ལོའི་ཟླ་3པར་རྩ་འཛུགས་ཀྱི་མངགས་བཅོལ་ལྟར་ལྕང་ར་གྲོང་རྡལ་གཡུ་ཐོག་གྲོང་སྡེ་རུ་ཡོང་ནས་གྲོང་སྡེའི་ཧྲུའུ་ཅི་དང་པོའི་འགན་ཁུར། ཧྲུའུ་ཅི་དང་པོའི་འགན་ཁུར་བའི་རིང་ལ་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྒྲིག་ཁྲིམས་ནན་གྱིས་སྲུང་བ། ལས་ཀ་ནན་ཏན་ངང་བསྒྲུབས་པ། གྲོང་སྡེའི་འགོ་ཁྲིད་དང་མཐུན་སྒྲིལ་འབྲེལ་བ་དམ་ཟབ་བྱས་ནས་དཀའ་ངལ་ལ་མགོ་མ་སྒུར་བར་2017ལོར་གཡུ་ཐོག་སྡེ་པའི་ཁྱིམ་དུད་117དང་མི་གྲངས་523བདེ་བླག་ངང་ཡོངས་སུ་གནས་སྤོའི་བྱ་བ་ལེགས་འགྲུབ་བྱུང་བ་དང་དབུལ་སྒྲོལ་འོས་འགན་ལེགས་འགྲུབ་བྱུང་ལ་སྤྱི་ཚོགས་དཔལ་འབྱོར་འཛུགས་སྐྲུན་ཐད་ལ་ནུས་པ་མངོན་གསལ་ཐོན།
དང་པོ། མང་ཚོགས་ལ་རྒྱུས་ལོན་ཟབ་མོ་བྱས་ནས་མང་ཚོགས་དང་མཛའ་བརྩེ་ཇེ་ཟབ་བཏང་བ།
གཡུ་ཐོག་གྲོང་སྡེ་ནི་འབྲི་ཆུའི་འགྲམ་རྒྱུད་ཀྱི་རི་གཟར་བྲག་རོང་ཁུལ་དུ་གནས་ཡོད་ལ་ཡུལ་ཤོག་སྲིད་གཞུང་དང་སྤྱི་ལེ་20ལྷག་ཙམ་ཡོད་པ་མ་ཟད་ཆ་སྙོམས་མཚོ་འཕགས་སྨི་3700ཡོད། རང་བྱུང་ཁོར་ཡུག་དང་ས་བབས་གནམ་གཤིས། དཔལ་འབྱོར་གྱི་ཆ་རྐྱེན་སོགས་ཀྱི་བཀག་རྒྱའི་དབང་གིས་འཚོ་གནས་ཁོར་ཡུག་དཀའ་ངལ་ཧ་ཅང་ཆེ། གྲོང་སྡེ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་མེད་པ་དང་བདེ་འཇགས་འཐུང་ཆུ་དང་། འཚོ་བར་སྤྱོད་པའི་གློག་དང་འཕྲིན་གཏོང་བརྡ་རྟགས། རྒྱང་བསྒྲགས་དང་བརྙན་འཕྲིན་སོགས་ཅི་ཡང་མེད། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྗེས་ལུས་ཧ་ཅང་ཚབས་ཆེན་ཡིན་པ་དང་སྡེ་དགེ་རྫོང་ལྕང་ར་ཡུལ་ཤོག་གི་ཤར་གཏོང་མེད་པ་ལྔ་ཡི་གྲོང་སྡེ་གཅིག་པུ་ཡིན་པ་མ་ཟད་དཔེ་མཚོན་རང་བཞིན་གྱི་དབུལ་ཕོངས་གྲོང་སྡེ་ཞིག་ཡིན། པད་མ་རིག་འཛིན་གྱིས་གྲོང་ཨུའི་ཧྲུའུ་ཅི་དང་པོའི་འགན་ཁུར་པ་ནས་བཟུང་ཁྱིམ་ཚང་རེ་རེ་བཞིན་རྒྱུས་ལོན་ཟབ་མོ་བྱས་པ་དང་མང་ཚོགས་ཀྱི་རེ་བ་དང་བསམ་ཚུལ་ལ་ནན་ཏན་གྱིས་ཉན་ལ་ཟིན་བྲིས་སུ་ཕབ། ཁོའི་ཟིན་བྲིས་སྟེང་དུ་གཡུ་ཐོག་གྲོང་སྡེའི་ཁྱིམ་ཚང་རེ་རེའི་མི་གྲངས་དང་ཞིང་སའི་ཆེ་ཆུང་། ཡོང་འབབ། ལུགས་དང་མཐུན་པའི་རེ་འདུན་སོགས་རེ་རེ་བཞིན་བྲིས་ཡོད་ལ། དུས་ཡུན་ཉིན་འགའ་མ་འགོར་བར་ཁོས་ཟིན་བྲིས་བཟུང་ནས་རྒྱུ་ཆ་དེ་རྣམས་ལ་ཞིབ་ཏུ་ལྟ་བ་དང་ཁྱིམ་ཚང་གང་གི་གནད་དོན་ད་དུང་ཐག་གཅོད་མ་ཐུབ་པ་དང་གནད་དོན་དེར་དམིགས་ནས་ལག་ལེན་བྱེད་ངེས།
ཁྱིམ་ཚང་རེ་རེ་བཞིན་རྒྱུས་ལོན་ཟབ་མོ་བྱེད་པ་དང་འགྲོགས་ཁོས་གྲོང་མི་ཨུ་ལྷན་དང་གྲོང་མིའི་འཐུས་ཚབ་ཚོ་དང་ལྷན་དུ་གྲོས་མོལ་མང་དུ་བྱས། གྲོང་སྡེའི་རྩ་བའི་གནས་ཚུལ་དང་གྲོང་མི་ཡོངས་ཀྱིས་གྲོང་པར་རུ་བཅའ་སྡོད་བྱས་པའི་ལས་བྱེད་པ་ཚོར་རེ་བ་ཅི་ཞིག་ཡོད་པ་དང་བསམ་ཚུལ་གང་འདྲ་ཡོད་པ་སོགས་གྲོས་མོལ་མང་དུ་བྱས། ཁོས་དུས་རྒྱུན་གྲོང་མི་ཚོ་དང་མཉམ་དུ་ཁ་བརྡ་མང་དུ་བྱེད་པ་དང་ཁོ་རང་གྲོང་མི་རྣམས་ཀྱིས་ཆེས་གཙོ་བོར་འཛིན་པ་དང་ཁ་ཚ་དགོས་གཏུག་གི་གནས་ཚུལ་ལ་ཉན་རྒྱུར་ཧ་ཅང་དགའ་ལ་མང་ཚོགས་ཀྱི་རེ་བ་དང་བསམ་ཚུལ་ཐོག་མ་རྟོགས། དེ་བས་ཁོས་གཡུ་ཐོག་སྡེ་པའི་སྡེ་དཔོན་སོགས་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ། ཡུལ་སྲོལ་གོམས་གཤིས། མི་དམངས་ཀྱི་རེ་འདུན་དང་དགོས་མཁོ་སོགས་ཁ་གསལ་རྒྱུས་ལོན་བྱུང་བས་གཡུ་ཐོག་སྡེ་བའི་དབུལ་སྒྲོལ་ལས་ཀར་རྨང་གཞི་བརྟན་པོར་བཞག
གཉིས་པ། མང་ཚོགས་དང་འོ་ཆུ་བཞིན་དུ་འདྲེས་ནས་མང་ཚོགས་ཀྱི་དཀའ་གནད་མང་དུ་སེལ།
མང་ཚོགས་ཀྱིས་ཧྲུའུ་ཅི་དང་པོ་ལ་བཟུང་བའི་རེ་བ་ཧ་ཅང་མཐོ། པད་མ་རིག་འཛིན་གྱིས་མང་ཚོགས་རྣམས་ཀྱིས་ཁོ་ལ་ལྟ་བའི་རེ་བའི་མིག་ཟུང་ལས་མང་ཚོགས་ཀྱི་དོན་དུ་ལས་ཀ་སྒྲུབ་པ་དང་མང་ཚོགས་ཀྱི་དཀའ་ངལ་སེལ་བར་སེམས་སུ་དམ་བཅའ་བཞག ཁོས་དང་ཐོག་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་དོན་དག་ཙག་ཙིག་ནས་འགོ་བརྩམས་ཏེ་ནུས་ཤུགས་ཡོད་དགུས་མང་ཚོགས་ཀྱི་མཐོང་ཐུབ་པ་དང་མང་ཚོགས་ཀྱིས་རོལ་མྱོང་བྱ་ཐུབ་པའི་དོན་བཟང་བསྒྲུབས། གཡུ་ཐོག་སྡེ་བའི་གྲོང་མི་སངས་རྒྱས་ནི་ལྔ་སྐྱོང་ཁྱིམ་ཚང་ཡིན་ལ་བྱིས་པ་མེད། པད་མ་རིག་འཛིན་དུས་རྒྱུན་ཁོ་ལ་ལྟ་རུ་འགྲོ་བ་དང་ཁོ་དང་ལྷན་དུ་ཁ་བརྡ་བྱེད་པ། ཟ་མ་གཡོས་སྦྱོར་སོགས་བྱས་པས་སངས་རྒྱས་ཀྱིས་པད་མ་རིག་འཛིན་ཐོས་པ་དང་མཐོང་བ་ཙམ་གྱིས་ལག་པའི་མཐེ་བོང་མཐོ་མཐོར་སྒྲེང།
2017ལོར། ཡུལ་ཤོག་གི་འགོ་ཁྲིད་དང་སྡེ་བའི་ལས་བྱེད་པ། གྲོང་སྡེ་རུ་བཅའ་སྡོད་བྱས་ཡོད་པའི་ལས་བྱེད་པ་གཞན་པ་སོགས་ཀྱི་གྲོས་ཞིབ་ཟབ་མོར་བྱས་པར་བརྒྱུད། ཧྲུའུ་ཅི་པད་མ་རིག་འཛིན་གྱིས་གཡུ་ཐོག་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་འཛུགས་སྐྲུན་བྱེད་པ་དམ་དུ་འཛིན་དགོས་པ་འདི་ལྟེ་བ་བྱས་ནས་ཤུགས་ཆེན་པོས་རྩ་འཛུགས་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པ། གཞི་རྩ་དང་རིག་གནས། དམངས་འཚོ་སོགས་འཛུགས་སྐྲུན་བྱེད་པ། ནུས་པ་ཡོད་པའི་སྒོ་ནས་དབུལ་སྐྱོར་འཆར་གཞི་ལག་བསྟར་བྱེད་པ་དང་ཤུགས་གང་ཡོད་བཏོན་ནས་དབུལ་སྒྲོལ་བྱ་དགོས་པ་ཐག་གཅོད་བྱས། གྲོང་སྡེ་ཡོངས་གནས་སྤོ་བྱེད་པའི་ལས་ཀའི་ཁྲོད་དུ་པད་མ་རིག་འཛིན་དང་བཅར་སྡོད་ལས་བྱེད་ཚང་མས་སྐད་ཆ་བཤད་ནས་ཁ་སྐམ་སོང་རུང་། འདུར་རྒྱུགས་ཁྲོད་ནས་ཐང་ཆད་སོང་རུང་། དབུལ་ཕོངས་ཁྱིམ་ཚང་གནས་སྤོ་མ་བྱེད་ན་ལས་སྒྲུབ་ཚོ་ཆུང་གནས་འདི་དང་ཁ་མི་བྲལ་ཞེས་པའི་སེམས་ཐག་བཅད། ཁོ་ཚོའི་ཐག་གཅོད་དེའི་ཁྲོད་ནས་ཅི་ལྟར་སྡུག་རུང་ཆོག་ལ་ཅི་ལྟར་བཤད་རུང་ཆོག འོན་ཀྱང་མང་ཚོགས་དབུལ་ཕོངས་ལས་མ་བྲལ་ན་མི་ཆོག་པའི་ནན་ཏན་དེ་མངོན་ཐུབ། དེ་ལྟ་བུའི་དོན་དངོས་ཀྱི་ལས་ཀའི་ཁྲོད་ནས་མཐར་མང་ཚོགས་དང་བསམ་བློ་གཞི་གཅིག་ཏུ་འདྲེས་ནས་མང་ཚོགས་ཀྱིས་གདེང་འཇོག་མཐོན་པོ་ཐོབ།
གསུམ་པ། དཀའ་ངལ་ཁྱད་དུ་བསད་དེ་ཕྱོགས་ཡོངས་ནས་དབུལ་སྒྲོལ་ལས་ཀ་སྐུལ་སྤེལ་བཏང་།
སྡེ་བར་བཅའ་སྡོད་བྱེད་པའི་ལས་ཀའི་ཁྲོད་དུ་དཀའ་ངལ་ལ་འཕྲད་ན་པད་མ་རིག་འཛིན་གྱིས་འབད་པ་ཆེན་པོས་སྡེ་བའི་ལས་བྱེད་པ་གཞན་ཚོར་གྲོས་མོལ་མང་དུ་བྱས་ནས་བཀོལ་ཆོག་པའི་ཐབས་ཤེས་འཐེན་པ་དང་སྔར་གྱི་ལས་སྟངས་དང་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་རང་གི་ལྟ་བ་དང་འདོད་ཚུལ་འདོན་ངེས། མཐའ་མཇུག་གཡུ་ཐོག་གྲོང་སྡེ་དཀའ་གནད་ལྔ་ལས་རྒྱལ་བར་བྱེད་པའི་བརྒྱུད་རིམ་ཁྲོད་ནས་དབུལ་སྒྲོལ་ཞྭ་མོ་ཕུད་པའི་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་། དཀའ་གནད་ལྔ་ལ་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ།
ཕྱོགས་གཅིག་ནས་པད་མ་རིག་འཛིན་ཧུར་བརྩོན་གྱིས་ཁྱབ་བསྒྲགས་ལས་ཀ་དང་སློབ་གསོའི་ལས་ཀར་ཟབ་ཞུགས་བྱས་ཤིང་སྡེ་དམངས་ལ་མཚན་མོའི་སློབ་གྲྭ་རྩ་འཛུགས་བྱས་པ་དང་ཏང་ཡོན་ཟབ་སྦྱོང་སྤེལ་བ། སྡེ་དམངས་ཡོངས་གནས་སྤོ་བྱེད་པར་སྣེ་ཁྲིད་བྱེད་པ། རྙིང་ཞེན་བག་འཁུམ་གྱི་འདུ་ཤེས་ལྟ་བ་བཟུང་ནས་གནས་གསར་ཁུལ་དུ་སྤོ་མི་འདོད་པའི་དཀའ་གནད་སེལ།
ཕྱོགས་གཉིས་ནས་རྫོང་ཨུའི་འགོ་ཁྲིད་ཀྱིས་བཀོད་སྒྲིག་ལྟར། ཆེད་མཁས་པ་གདན་དྲངས་ནས་འཆར་འགོད་ལ་རོགས་རམ་བྱེད་པ་དང་རི་ཁུག་གི་དོན་དངོས་གནས་ཚུལ་དང་བསྟུན་ནས་ལེགས་བསྡུས་ཞིབ་གཉེར་གྱི་བྱེད་ཐབས་སྤྱད་ནས་འཛུགས་སྐྲུན་ལ་མཁོ་གལ་ཆེ་བའི་ས་སྟོང་ཞིག་བདམས་ནས། རི་གཟར་བྲག་རོང་ཁུལ་དུ་གནས་ཡོད་པའི་འཚོ་སྡོད་དཀའ་བའི་དཀའ་གནད་སེལ།
ཕྱོགས་གསུམ་ནས་གཟབ་ནན་གྱིས་འབྲེལ་ཡོད་གྲོང་དང་གྲོང་རྡལ་གྱི་འཆར་འགོད་རྣམ་པའི་བླང་བྱ་ལྟར་གཅིག་བསྡུས་ཇུས་འགོད་དང་སྡེ་དགེའི་བོད་ཁང་རིག་གནས་ཀྱི་གཞི་རྒྱུ་སོར་བཞག་བྱས་པའི་སྟེང་ནས་གཅིག་གྱུར་འཆར་འགོད་རང་བསྐྲུན་བྱེད་པ། མཛེས་སྡུག་གི་བོད་གྲོང་གི་རྣམ་པ་འབུར་དུ་ཐོན་པ་བྱས་ནས། འཆར་འགོད་སྟེང་དཀའ་གནད་ཡོད་པའི་ཁང་པའི་འཆར་འགོད་དཀའ་གནད་སེལ།
ཕྱོགས་བཞི་ནས་རྒུད་གསབ་ལས་སྤྲོད་མ་དངུལ་གྲབས་གསོག་གི་ཐབས་ལམ་རྒྱ་ཆེར་གཏོང་བའི་དྲིལ་བསྒྲགས་ནང་ཧུར་ཐག་གིས་ཞུགས་པ་དང་། གྲོང་མི་ཚོས་ལས་ཀ་ལས་ན་རིན་མེད་ཐོན་ཁུངས་མཁོ་སྤྲོད་བྱེད་པ་དང་ཕྱོགས་མང་པོ་ནས་མ་དངུལ་སྡེབ་སྒྲིག་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་དབུལ་ཕོངས་མང་ཚོགས་ཀྱི་སྒོར་ཁུག་སྟོང་པ་ཡིན་པའི་མ་དངུལ་གསོག་འཇོག་དཀའ་བའི་གནད་དོན་སེལ།
ཕྱོགས་ལྔ་ནས་ཁྱད་ཆོས་ལྡན་པ་དང་ཕུལ་དུ་བྱུང་བའི་ཐོན་ལས་འཕེལ་རྒྱས་གཏོང་བར་ཤུགས་སྣོན་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་གྲོང་སྡེ་རེ་ལ་ཚབ་མཚོན་རང་བཞིན་གྱི་ཐོན་རྫས་རེ་བྱུང་བར་གསོ་སྦྱོང་བྱས་ནས་ཁང་པ་གསར་པར་སྡོད་རུང་འཚོ་བ་ངན་ངོན་ཡིན་པ། ལས་ཀར་ཞུགས་རུང་ཡོང་འབབ་དམའ་བའི་དཀའ་གནད་སེལ་བར་བྱས།
བཞི་པ། ཏང་འཛུགས་སྐྱོང་བྱེད་པའི་ལས་ཀར་ནུས་
ཤུགས་ཡོད་དགུ་བཏོན་ལ་དབུལ་སེལ་འགག་
སྒྲོལ་ལས་འགན་བདེ་བླག་ངང་ལེགས་གྲུབ་
བྱུང་པར་སྐུལ་འདེད་བཏང་།
པད་མ་རིག་འཛིན་གྱིས་རང་ཉིད་ཏང་ཡོན་ཞིག་ཡིན་པ་ནམ་ཡིན་རུང་བརྗེད་མི་སྲིད་ལ། ཁོང་གིས་ལས་ཀ་ལ་རང་འགུལ་ཧུར་བརྩོན་བྱེད་པ་དང་འགན་ཁུར་ནན་ཏན་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་ནུས་ཤུགས་ཡོད་དགུ་འདོན། གྲོང་སྡེའི་ལས་བྱེད་པར་སྐུལ་སློང་གྲོས་ཚོགས་འཚོགས་པར་བརྒྱུད་ནས་གྲོང་སྡེའི་ལས་བྱེད་པའི་བསམ་བློ་གཅིག་གྱུར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་སློང་བ་དང་གྲོང་སྡེའི་ལས་བྱེད་ཚོ་དང་ལྷན་དུ་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འཕེལ་རྒྱས་ཀྱི་དཀའ་གནད་གྲོས་བསྡུར་བྱེད་པ། འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ། གྲོང་སྡེའི་མི་དམངས་རྣམས་ཀྱིས་ཁྱོན་ཡོངས་ནས་ལས་རིགས་གསར་གཏོད་བྱེད་པའི་སྤྲོ་སེམས་སྐུལ་སློང་བྱེད་པ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པའི་ཐོན་ལས་འཕེལ་རྒྱས་ཀྱི་སྐུལ་འདེད་འོག གཡུ་ཐོག་གྲོང་སྡེས་གྲོང་དང་གྲོང་རྡལ་མཛེས་སྐྲུན་བྱེད་པ་དང་ལམ་འགྲམ་དུ་མེ་ཏོག་འཛུགས་པ། ལས་ཁུངས་དང་མི་སྒེར་གྱི་མེ་ཏོག་གི་ཚོང་རའི་དགོས་མཁོ་སོགས་ལ་དམིགས་ནས། ཐོན་ལས་མ་དངུལ་ཁྲི་210ཡི་འགྲོ་སྒོ་བཏང་ནས་ཆེ་ཆུང་མུའུ་12ཡོད་པའི་མེ་ཏོག་འདེབས་སའི་རྟེན་གཞི་གཅིག་འཛུགས་སྐྲུན་བྱས་ལ་ཡུལ་བབ་དང་བསྟུན་ནས་གྲོང་སྡེ་གཅིག་ལ་ཐོན་ལས་གཅིག་ཅན་ཡོད་པ་བྱས། ལོ་དེར་མེ་ཏོག་གི་རྟེན་གཞི་ལས་ཡོང་འབབ་སྒོར་ཁྲི་20ཐོབ། ཚོད་དཔག་བྱས་པ་ལྟར་ན་ལོ་རྗེས་མར་མེ་ཏོག་གི་རྟེན་གཞིའི་ཡོང་འབབ་སྒོར་ཁྲི་50ལས་བརྒལ་ཐུབ་པ་དང་གྲོང་སྡེའི་ཡུལ་སྐོར་དང་སྡོད་དམངས་ཀྱིས་སྣེ་ལེན་བྱེད་པ་སོགས་ཀྱི་ཡོང་འབབ་སྒོར་ཁྲི་50ལྷག་ཡོད་པས་དོན་དངོས་སུ་ལོ་རེར་མི་རེའི་ཡོང་འབབ་ཆ་སྙོམས་སྒོར་2000དང་ཁྱིམ་དུད་རེའི་ཡོང་འབབ་སྒོར་13000རེད།
པད་མ་རིག་འཛིན་གྱིས་གྲོང་སྡེའི་ཧྲུའུ་ཅི་དང་པོའི་འགན་ཁུར་བའི་རིང་གི་ལས་ཀའི་ཁྲོད་དུ། ཕྱོགས་ཡོངས་ནས་མང་ཚོགས་ཀྱི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པ་ནས་འགོ་བརྩམས་ཏེ། བསམ་བློ་ཡོད་པ་དང་དོན་དངོས་སྒྲུབ་པ། དཀའ་སྤྱད་སྡུག་རུས་བྱེད་པ་དང་མང་ཚོགས་ལ་རང་འགུལ་གྱིས་ཁ་བརྡ་བྱེད་པ། ལས་དོན་ཁྲོད་འཕྲད་པའི་དཀའ་གནད་རྣམས་ནུས་ཤུགས་ཡོད་རྒུ་བཏོན་ནས་སེལ་ཅི་ཐུབ་བྱེད་པ་དང་། གཡུ་ཐོག་སྡེ་བའི་དབུལ་སྒྲོལ་ཞྭ་མོ་ཕུད་པའི་བརྒྱུད་རིམ་ཁྲོད་དུ་ཁོས་སྤྲོ་བ་ཆེན་པོས་སྟོབས་ཤུགས་གང་ཡོད་ལེགས་སྐྱེས་སུ་ཕུལ།
ལོ་ན་གཞོན་པའི་པད་མ་རིག་འཛིན་ནི་ས་གང་དུ་སོང་ན་དོན་འགྲུབ་པ་དང་ལས་གང་ཞིག་སྒྲུབ་ན་འབྲས་བུ་སྨིན་པའི་གཞོན་སྐྱེས་ཡ་རབས་ཤིག་ཡིན་ཏེ། 2012ལོར་ཁྲབ་ལྡན་དམག་དཔུང་ཐོན་77169བའི་སྒྱོགས་དམག་ལེན་དང་པོའི་ཕུལ་བྱུང་དམག་མི་དང་2014ལོར་ལོ་འཁོར་གཅིག་གི་དཔྱད་ཞིབ་ཕུལ་བྱུང་། 2015ལོར་ལོ་འཁོར་གཅིག་གི་དཔྱད་ཞིབ་ཕུལ་བྱུང་དང་། 2016ལོར་ལོ་འཁོར་གཅིག་གི་དཔྱད་ཞིབ་ཕུལ་བྱུང་། 2016ལོར་ཕུལ་བྱུང་ཧྲུའུ་ཅི་དང་པོ་དང་། 2017ལོར་ཕུལ་བྱུང་ཧྲུའུ་ཅི་དང་པོ། 2018ལོར་དཀར་མཛེས་ཁུལ་སྐབས་གཉིས་པའི་ལྔ་གཅིག་ངལ་རྩོལ་བྱ་དགའ་བཅས་ཐོབ།
ད་ལྟའི་གཡུ་ཐོག་གྲོང་སྡེ་ནི་རི་རྩེ་ནས་རི་འདབས་སུ་གནས་སྤོ་བྱས་ཡོད་ལ། གྲལ་འགྲིགས་པའི་ཁང་གསར་བསྟར་དུ་བསྒྲིགས་ཡོད། ཁང་གསར་དེ་རྣམས་ཡང་མི་གཉིས་ནས་མི་གསུམ་ཅན་དང་མི་བཞི་ནས་མི་དྲུག་ཅན། མི་བདུན་ནས་མི་བཅུ་ཅན་བཅས་རིགས་གསུམ་དུ་དགར་ཡོད་ལ་དེ་ཡང་ཁྱིམ་ཚང་གི་མི་གྲངས་ལ་གཞིར་བྱས་ནས་འཛུགས་སྐྲུན་བྱས། ཁང་པའི་ཆེ་ཆུང་དང་ནང་གི་དངོས་པོ་སོགས་གྲལ་བསྒྲིགས་ཡོད་པ་དང་གློག་དང་ཆུ། བརྡ་འཕྲིན་སོགས་ཡོངས་སུ་གང་ཡོད་པ་དང་ད་ལྟ་གྲོང་སྡེ་རུ་ཚོང་ཁང་ཆུང་ཆུང་དང་གསར་དུ་འཛུགས་སྐྲུན་བྱས་བཞིན་པའི་སྡེ་མི་ཡོངས་ཀྱི་སྤྲོ་སྐྱིད་གཏོང་ས་དང་སྔོ་ཚོད་འདེབས་སའི་དྲོད་སྐྱིད་ཁང་སོགས་ཡོད།
ད་ལྟ་རང་གིས་འབད་བརྩོན་ལས་བྱུང་བའི་འབྲས་བཟང་དག་རེ་རེ་བཞིན་མིག་ལམ་དུ་འཆར་ཡོང་དུས། དགའ་སྤྲོའི་མིག་ཆུ་ལྷུང་མྱོང་ལ་བརྩོན་པའི་སྟོབས་ཤུགས་ཡང་རྒྱས་མྱོང་། མ་ཟད་རང་གི་སེམས་སུ་སྡེ་པའི་འཆར་འགོད་ཀྱི་མདུན་ལྗོངས་ཡག་པོ་ཡང་མང་ནས་མང་དུ་སྐྱེས་མྱོང་། འདི་ནི་རང་གི་འབད་བརྩོན་དང་སྲིད་གཞུང་གིས་མཛུབ་སྟོན། ཏང་གི་བཀའ་དྲིན་སེམས་སུ་དྲན་ཐེངས་རེ་རེ་ང་རྒྱལ་ཡང་སྐྱེས་མྱོང་ལ་སྤྲོ་དགས་ཁེངས་མྱོང་ཅེས་བཤད། །