སྤྱི་ཟླ་8པའི་ཚེས་28ཉིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་གནམ་གྲུ་ཐང་དུ་གནམ་གྲུ་དངོས་སུ་འབབ་འཕུར་བྱས།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3535ཡོད་པའི་གནམ་གྲུ་ཐང་དེ་ནི་2012ལོའི་ཟླ་7པའི་ནང་སྐྲུན་འགོ་བརྩམས་པ་དང་། འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་9བཏང་ཡོད།