ཝང་ཆིང་ཅིའུ་ཡི་རི་མོ་བདམས་བཀོད།

——王庆九版画作品选登 ཚེ་འཛིན་སྒྲོལ་དཀར་གྱིས་བྲིས། ཝང་ཆི་ཅིའུ་ཡིས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-04


        

        རི་མོ་བ་གྲགས་ཅན་ཝང་ཆིང་ཅོའུ་ནི་འཇོན་ནུས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་པ་ཞིག་ཡིན་ལ། སྔོན་ཆད་ཁོང་གིས་དགེ་རྒན་དང་རྩོམ་སྒྲིག་པ་སོགས་ཀྱི་འགན་བཞེས་མྱོང་། མིག་སྔར་སི་ཁྲོན་ཞིང་ཆེན་རི་མོ་བའི་མཐུན་ཚོགས་ཀྱི་ཚོགས་མི་དང་སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།  རྔ་བ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྔ་བ་ཁུལ་རི་མོ་བའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། ཁོང་གིས་སྔ་རྗེས་སུ་ཀྲུང་གོའི་མཛེས་རྩལ་ཁང་དང་སི་ཁྲོན་མཛེས་རྩལ་ཁང་སོགས་སུ་རི་མོའི་བརྩམས་ཆོས་འགྲེམ་སྟོན་བྱས་ཤིང་རི་མོའི་སྒྱུ་རྩལ་གྱི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། གཞན་སི་ཁྲོན་ཞིང་ཆེན་གྱི་པར་བརྐོས་རི་མོའི་མིང་འདོན་འགྲེམ་སྟོན་དང་སྤྱོད་གཙང་སི་ཁྲོན་ཞེས་པའི་རིག་རྩལ་བརྩམས་ཆོས་འགྲེམ་སྟོན། སྐབས་གཉིས་པའི་སི་ཁྲོན་ཝུང་ཧྭ་མཛེས་རྩལ་འགྲེམ་སྟོན་བཅས་སུ་ཞུགས་ནས་སྒྱུ་རྩལ་ལ་དུང་བ་ཟབ་པའི་ལྟད་མོ་བ་མང་པོར་སྒྱུ་རྩལ་གྱི་གསོལ་སྟོན་ཆེན་པོ་ཞིག་བཤམས་པ་དང་། དེ་མིན་པེ་ཅིན་དང་ཧྲང་ཧེ། ཧྲན་ཀྲེན་དང་ཐེན་ཝན་བཅས་རྒྱལ་ཡོངས་ཀྱི་འགྲེམ་སྟོན་སྣ་མང་ཁྲོད་བཞུགས་པར་ཀུན་གྱི་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་ཐོབ།  ཁོང་གིས་སྔ་རྗེས་སུ་《ཧྲེང་ཀྲོའི་སྒྱུ་རྩལ།》དང་《མཛེས་རྩལ།》《ཀྲུང་གོའི་ནུབ་ཁུལ།》《སི་ཁྲོན་མཛེས་རྩལ།》བཅས་ཀྱིས་གཙོས་པའི་བརྩམས་ཆོས་དང་དཔྱད་རྩོམ་མང་པོ་རྒྱལ་ནང་གི་མིང་དུ་གྲགས་པའི་དུས་དེབ་ནང་བཀོད་ཡོད། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1