ཟླ4པའི་ཚེས30ཉིན། པེ་ཅིང་དང་དེ་བཞིན་རྒྱལ་ཡོངས་ནས་ཡོང་བའི“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྨན་དོན་དང་བླངས་པ་དང་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣ600ལྷག་ཙམ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་ལ་འདུས་ནས་དུས་ཡུན་ཉིན5ཡི་རིང“ཝུན་ཁྲོན་ས་ཡོམ་ཆེན་པོ་བརྒྱབ་ཏེ་ལོ་ངོ་བཅུ་འཁོར་པར་རྗེས་དྲན་ཞུ་བ”བརྗོད་དོན་གཙོ་བོར་བྱས་པའི་སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་མོ་སྤེལ་བ་རེད།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་གྱིས་གསུང་བཤད་གནང་པ་མ་ཟད“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི་ཝུན་ཁྲོན་དུ་བསྐྱོད་པ”ཅེས་པའི་སྤྱི་ཕན་བྱེད་སྒོ་ཆེ་མོ་སྤེལ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་དང་། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། པེ་ཅིང་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་ཅིན་ཏ་ཕིང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ལྷན་བོད་རིགས་ས་ཁུལ་གཞུང་དོན་ཁང་གི་ཆེད་འགན་ཀྲུའུ་རེན་གཞོན་པ་ཞུས་ཅོན། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལེ་ཅན་བཅས་ཀྱིས་ཐུན་མོང་ཐོག་ཀྲུང་གོའི་སེམས་པ་མཉམ་དུ་གཏོད་ཀྱི“ནད་གཞིའི་རྐྱེན་གྱིས་སླར་ཡང་དབུལ་པོ་ཆགས་པའི”རོགས་སྐྱོབ་ཀྱི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཡོལ་བ་ཕྱེ་བ་རེད།
ཀྲུང་གུང་ཝུན་ཁྲོན་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཐུང་རུང་གིས་ཤིས་ཚིག་འབུལ་བཞིན་པ།
པེ་ཅིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པའི་སྐོར་ཞིབ་པ་གཞོན་པ་ཝང་ཝན་ལིས་ཤིས་ཚིག་འབུལ་བཞིན་པ།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ། པུའུ་ཁྲང་སྨན་རྫས་བཟོ་གྲྭའི་ཙུང་ཚེ་ཀྲའོ་ཁྲོའོ་ཡིས་ཤིས་ཚིག་འབུལ་བཞིན་པ།
“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། པེ་ཅིང་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་ཅིན་ཏ་ཕིང་གིས་སྨན་དོན་དང་བླངས་པའི་ཚབ་བྱས་ཏེ་གཏམ་བཤད་གནང་པ།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ། པུའུ་ཁྲང་སྨན་རྫས་བཟོ་གྲྭའི་ཙུང་ཚེ་ཀྲའོ་ཁྲོའོ(གཡོན)ཡིས་པེ་ཅིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཐེབས་རྩ་ལྷན་ཚོགས་ཀྱི་དབུ་བཞུགས་ལས་འཛིན་ཀྲའོ་ཅིན་ལེན་ལ་སྨན་རིགས་དངོས་རྫས་ཞལ་འདེབས་གནང་བཞིན་པ།
ཀྲའོ་ཅིན་ལེན (གཡོན)གྱིས་ཀྲུང་གུང་ཝུན་ཁྲོན་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཝང་ནར་སྨན་རིགས་དངོས་རྫས་བརྒྱུད་འབུལ་གནང་བཞིན་པ།
སི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཀྲུང་གུང་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་། ཀྲུང་གུང་ཝུན་ཁྲོན་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཐུང་རུང་། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཝུན་ཁྲོན་དུ་བསྐྱོད་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོན་ལྦུའུ་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀའོ་ཅོན། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་དྲུང་ཡིག་ཆེ་མོ། པུའུ་ཁྲང་སྨན་རྫས་བཟོ་གྲྭའི་མཐོ་རིམ་ཙུང་ཚེ་གཞོན་པ་ཀྲེན་ཧུང་པིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ། པེ་ཅིན་གློག་བརྙན་བཟོ་གྲྭའི་འཁྲབ་སྟོན་པ་ཟློས་གར་ཚོགས་པའི་ཚོགས་གཙོ། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་ཀྱི་གཅེས་སེམས་ཕོ་ཉ་ཙང་ཅིན་ཧྲིན་བཅས་ཀྱིས་ཐུན་མོང་ཐོག་ཀྲུང་གོའི་བདེ་ཐང་གྲོང་གསེབ་བཟང་པོ(ཝུན་ཁྲོན་རྫོང)གི་ཡོལ་བ་ཕྱེ་བ་རེད།
ཀྲུང་གོའི་བཟོ་བཀོད་ཁང་གི་ཡོན་ཧྲི། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཧྲེན་དབྱང་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་དམག་ཡོངས་ཀྱིས་སྙིང་རྩའི་ནད་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཧན་ཡ་ལིང་། ཀྲུང་གོའི་གསོ་རིག་སྒྲིག་ཆས་མཐུན་ཚོགས་ནད་སྐྱོང་སྒྲིག་ཆས་དང་རྒྱུ་ཆ་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲོའུ་ལི། པེ་ཅིང་ཀྲུང་ཉི་མཛའ་གྲོགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཕིང་མེན་ཆིང་། པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཝུའུ་ཞིན་པའོ། རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཨོའུ་དབྱང་མའེ། ཝུན་ཁྲོན་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཝང་ན་བཅས་ཀྱིས་ཐུན་མོང་ཐོག“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད་ནད་གཡོག་ཆེད་མཁས་ཨུ་ཡོན་ལྷན་ཁང” གི་ཡོལ་བ་ཕྱེ་བ་རེད།
“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད” སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། པེ་ཅིང་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་ཅིན་ཏ་ཕིང་གིས་ཀྲུང་གོའི་གསོ་རིག་སྒྲིག་ཆས་མཐུན་ཚོགས་ནད་སྐྱོང་སྒྲིག་ཆས་དང་རྒྱུ་ཆ་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲོའུ་ལི་ལ“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད་ནད་གཡོག་ཆེད་མཁས་ཨུ་ཡོན་ལྷན་ཁང” གྱི་ཀྲུའུ་ཞིའི་གདན་འདྲེན་དཔང་ཡིག་གནང་པ།
ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལིའུ་ཕིང་གིས་ཤིས་ཚིག་འབུལ་བཞིན་པ།
ཀྲུང་གོའི་བཟོ་བཀོད་ཁང་གི་ཡོན་ཧྲི། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད” ཅེས་པའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། པེ་ཅིང་ཆིང་ཧྭ་ཁྲང་ཀེན་སྨན་ཁང་གི་ཡོན་ཀྲང་ཏུང་ཅ་ཧུང་ཡོན་ཧྲིས་གཅེས་སེམས་དང་བླངས་པ་ཡོངས་སྣེ་ཁྲིད་དེ་དམ་བཅའ་འཇོག་བཞིན་པ།
ལོ་ངོ་བཅུའི་ཡར་སྔོན་གྱི་གནོད་འཚེ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་ནང་སེམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་། རྒྱལ་སའི་སྨན་བཅོས་ཆེད་མཁས་དང་ཀྲུང་གོའི་སེམས་འདུན་མཉམ་གཏོད་དང་བླངས་པ་རྣམས་དུས་ཐོག་ཏུ་གནོད་འཚེ་ཐེབས་ཡུལ་དངོས་ལ་འབྱོར་ནས་ཆེད་ལས་ཀྱི་སྨན་དོན་ཤེས་བྱ་དང་གཅེས་སེམས་དྲོན་མོས་ས་ཡོམ་རོགས་སྐྱོབ་ལ་སྟོབས་ཤུགས་ཡོད་ཚད་ཕུལ་ཡོད་པ་མ་ཟད་ས་ཡོམ་གྱི་ཞིག་རོའི་ཐོག“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་རྣམ་གྲངས་ཆེ་མོ་སྤེལ་བ་རེད།
འགོ་ཚུགས་མཛད་སྒོའི་ཡུལ་དངོས།
ལོ་ངོ་བཅུ་ཡི་དཀའ་སྡུག་གི་བརྒྱུད་རིམ་ཁྲོད་ཐོག་མའི་བསམ་འདུན་མི་བརྗེད་ཅིང་། ཏང་ཀྲུང་དབྱང་གིས་དོ་སྣང་དང་རྒྱབ་སྐྱོར་ཆེན་པོ་གནང་བཞིན་པའི་བདེ་ཐང་གི་སྤྱི་ཕན་རྣམ་གྲངས་ཆེ་གྲས་ཡིན་པའི་ཆ་ནས།“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པ་དེ་ལོ་ངོ་བཅུ་འཁོར་པའི་སྐབས་འདིར་བསྐྱར་དུ་ཝུན་ཁྲོན་ལ་ལོག་པ་དང་། དེ་ནི་འགན་འཁྲི་ཞིག་ཡིན་ལ་རྒྱ་ཆེའི་སྨན་དོན་དང་བླངས་པ་རྣམས་ཀྱི་བསམ་འདུན་དང་ལས་འགན་ཡང་རེད།
དེང་ཆར། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་རྣམ་གྲངས་ཆེ་མོ་ནི་གཅེས་སེམས་སྤེལ་བའི་སྔར་གནས་ནས་འགོ་ཚུགས་ཤིང་། ལོ་ངོ་བཅུའི་ལོ་རྒྱུས་ཀྱི་ལམ་བུའི་ཕྱིར་ལོག་དང་རྩིས་བཤེར་ཞིག་ཞིག་ཡིན་ལ། འབྱུང་འགྱུར་རྣམ་གྲངས་སྤེལ་བར་སྐུལ་ལྕག་དང་ལས་ཀ་གསར་པ་མགོ་བརྩམས་པའང་རེད། འགོ་ཚུགས་ས་གསར་པ་ཞིག་ཏུ་འགྲེངས་ཏེ“སེམས་མཐུན་ཏེ་ཀྲུང་གོའི་སེམས་འདུན་མཉམ་གཏོད”ཀྱིས་མུ་མཐུད་དུ་རྒྱ་ཆེའི་དང་བླངས་པ་དང་མཉམ་དུ་མཐའ་མཚམས་མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་པར་སྟོབས་ཤུགས་འབུལ་རྒྱུ་རེད།
རྒྱུས་ལོན་བྱུང་པ་ལྟར་ན། ད་རེས་ཀྱི2018 ལོའི“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་དུ་གཏོད” ཀྱི་སྤྱི་ཕན་བྱེད་སྒོ་སྟེ་ཝུན་ཁྲོན་ས་ཡོམ་བརྒྱབ་ནས་ལོ་ངོ་བཅུ་འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་སྨན་བཅོས་སྡེ་ཚན200དང་སྨན་དོན་དང་བླངས་པ600ལྷག་ཙམ་
ཞུགས་ཡོད་ཅིང་། ཁོ་ཚོ་ཝུན་ཁྲོན་རྫོང་གི་ཝེ་ཀྲོའུ་གྲོང་བརྡལ་དང་ཡན་མིང་ཡུལ་ཚོ། ཁེ་ཀུའུ་ཡུལ་ཚོ། ལུང་ཞི་ཡུལ་ཚོ། མེན་སི་གྲོང་བརྡལ་སོགས་ཤང་གྲོང12དང་རྫོང་སྨན་ཁང་། རྫོང་གི་ཀྲུང་ལུགས་སྨན་ཁང་བཅས་སུ་བསྐྱོད་ནས་གཅེས་སེམས་སྤྱི་ཕན་བྱེད་སྒོ་སྤེལ་རྒྱུ་ཡིན་ལ། ས་ཡོམ་རིང་དབང་བོར་སྐྱོན་ཤོར་བ་དང་ནད་གཞིའི་རྐྱེན་གྱིས་ཡང་བསྐྱར་དབུལ་ཕོངས་སུ་གྱུར་པའི་ཁྱིམ་ཚང་ལ་འཚམས་འདྲི་དང་། སྐོར་སྐྱོད་སྨན་བཅོས་དང་རོགས་སྐྱོབ་གནང་རྒྱུ་མ་ཟད་ས་གནས་དེ་གའི་སྨན་དོན་མི་སྣར་ཆེད་ལས་གསོ་སྐྱོང་སྦྱོང་བརྡར་གནང་ཐོག ས་གནས་དེ་གའི་སྨན་དོན་མི་སྣའི་ཆེད་ལས་རྩལ་ནུས་མཐོར་འདེགས་བཏང་ནས་གནས་དེར་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་གནང་རྒྱུ་རེད་འདུག