ཟླ་4ཚེས་7ཉིན་ནི་བོད་རྩིས་ཀྱི་ཟླ་2ཚེས་22ཉིན་ཡིན་ལ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ་བོད་རིགས་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི"རྩམ་པའི་དུས་ཆེན"བསུ་ཡོད་ལ། གྲོང་ཚོའི་སྐྱེས་ཕོ་མོ་ཚོས"རྩམ་པ་རྒྱག་རེ"བྱས་ནས་ཕན་ཚུལ་ལ་གསོལ་སྨོན་ཕུལ་ཡོད་པ་རེད། ཤེས་རྟོགས་བྱུང་གསལ་དུ། "རྩམ་པའི་དུས་ཆེན"ནི་ས་གནས་དེ་གའི་སྲོལ་རྒྱུན་གྱི་དཔྱིད་རྨོད་ཆོ་ག་ཞིག་ཡིན་ལ། ད་ལྟ་བར་དུ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་རེད།