ཧྲའན་ཤིས་དང་ཧོ་པེ་ཞིང་ཆེན་གཉིས་ཀྱི་སྦྲེལ་མཚམས་ཀོན་དབྱང་། ཧྲའན་ཤིས་ཞིང་ཆེན་ཕིང་ལི་རྫོང་མཁར་གྱི་ཤར་ཕྱོགས་སུ་སྤྱི་ལེ་20ཡོད་པའི་གནས་ནི་གནའ་བོའི་དམག་དོན་འགྲན་ས་དང་། གནའ་བོའི་ལྕགས་རི་རིང་པོའི་རྗེས་ཤུལ་ཉར་ཚགས་བྱ་ཡུལ་ཡིན་པ་རེད། ངོ་སྤྲོད་བྱས་པར་ལྟ་ན། གནའ་བོའི་ལྕགས་རི་རིང་པོའི་རྗེས་ཤུལ་ལྷོ་བྱང་དུ་ཕྱོགས་ནས་ཁྱབ་ཡོད་པ་དང་། ཤར་ཕྱོགས་སུ་ཧོ་པེ་ཡི་ཀྲུའུ་ཞི་རྫོང་དང་འབྲེལ་ཞིང་། ལམ་ཐག་ཡོངས་ལ་སྨི་800ཡོད་ཅིང་། དེ་ནི་ད་བར་དུ་ལོ་2500ཡི་ལོ་རྒྱུས་ཡོད་པ་རེད།