2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སླེབས་ཉེ་དང་བསྟུན་ནས། བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་དུས་ཆེན་གྱི་རྣམ་པ་ཇེ་ཟབ་ཏུ་ཕྱིན་ཡོད་པ་རེད། ཟླ་2ཚེས་10ཉིན་གྱི་སྲོལ་རྒྱུན་གླུ་གར་དགོང་ཚོགས་ཤིག་ཏུ་སྔ་ས་ནས་ལྷ་སའི་མང་ཚོགས་ལ་གནམ་ལོ་གསར་ཚེས་ཀྱི་སྨོན་འདུན་ཞུས་པ་རེད། དགོང་ཚོགས་སུ་བོད་ཀྱི་སྲོལ་རྒྱུན་ལྷ་མོ་དང་། གླུ་གར། འཁྲབ་ཚན་ཆུང་ངུ་བཅས་པའི་འཁྲབ་སྟོན་རྣམ་པ་ནས་བོད་མི་རིགས་ཀྱི་གནའ་སྔ་མོའི་ལྷ་མོ་དང་། བྲོ། སྐོར་བྲོ་སོགས་མངོན་མིན་རིག་གནས་ཤུལ་བཞག་ཁག་ཀྱང་ལོ་གསར་གྱི་གར་སྟེགས་སུ་བསྟན་ཡོད་པ་རེད།།