ཟླ1པའི་ཚེས25ཉིན་གྱི་དགོང་མོར། དྲིན་གཟོ་དང་། མཐུན་སྒྲིལ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་བཅས་བརྗོད་བྱ་གཙོ་བོར་བྱས་པའི་མཛོད་དགེ་རྫོང་སྐབས་དང་པོའི2018བོད་ས་ཁྱི་ལོའི་ལོ་སར་གྱི་རིག་གནས་དམངས་ཕན་གྱི་རིག་རྩལ་དགོང་ཚོགས་མཛོད་དགེ་རྫོང་གི་གློག་བརྙན་ཟློས་གར་ཁང་དུ་གཟབ་རྒྱས་ངང་འཚོགས།
ངོ་མཚར་ཆེ་བའི་རྩེད་ཚན16གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས། འཁྲབ་སྟོན་པ་རྣམས་ཀྱིས་དུས་ཆེན་གྱི་དགའ་སྤྲོ་གར་ལ་འཁྲབས་ཤིང་ས་མཐོའི་བུ་ཕྲུག་གི་དཔའ་ཉམས་གླུ་རུ་བླངས་ཏེ་རྣམ་པ་གསར་པ་དང་རྩྭ་ཐང་གི་འཚོ་བ་གསར་བའི་དགའ་སྤྲོ་མངོན་པར་མཚོན། ལྟད་མོ་པ་རྣམས་ཀྱིས་མཚམས་རེར་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་ཉན་བྱེད་པ་དང་མཚམས་རེར་དགའ་འབོད་དགའ་མཆོང་བྱེད།
མཇུག་མཐར། དུས་ཚོད2ལྷག་གི་དགོང་ཚོགས་དགའ་སྤྲོ་ཆེན་པོ་ངང་མཁའ་མཐའི་མཛོད་དགེ་ཞེས་པའི་གླུ་གཞས་ཀྱི་ཁྲོད་དུ་ཡོངས་སུ་མཇུག་རྫོགས་སོ།།