མུན་ནག
རྒོད། (དཀར་མཛེས)
དེའི་རྒྱབ་ཏུ་མུན་ནག་རེད
མུན་ནག་གི་ནང་ན་ཁྱོད་ཡོད་དམ
མུན་ནག་གི་ནང་ན་ཁྱོད་ཀྱི་རྟ་ཕོ་ཡོད་དམ
མུན་ནག་དེ་ལ་ཁྱོད་ཀྱིས་མཚན་མོ་ཟེར་རམ
སྐར་མ་དག་ཕྱོགས་ཕྱོགས་ནས་མུག་ནག་གི་ནང་དུ་ལྕེབས་ཡོང
དཔྱིད་ཀའི་མུན་ནག་གི་ནང་དུ་ལྕེབས་ཡོང
མིག་ཟུང་ཁྲ་རིག་རིག་གིས་ལྕེབས་ཡོང
ཤི་གསོན་ལ་འདང་མི་རྒྱག་པར་ལྕེབས་ཡོང
མུན་ནག་གི་ཁྲོད་ནས
ངས་ཁྱོད་ཀྱི་ཡིད་འོང་གི་ཞལ་རས་དེ
ཨུ་ཚུགས་ཀྱིས་བསྒོམ་དགོས
མུན་ནག་དང་འདྲེས་པའི་ཁྱོད
ང་ཡི་མིག་ལམ་ན་ད་དུང་དཀར་གཙང་ངེར
2017.6.8 དགོང་མོ།